བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་འོག་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་བོད་མིའི་༸བླ་ན་མ་མཆིས་པའི་༸དབུ་ཁྲིད་༸སྤྱི་ནོར་

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་འོག་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་བོད་མིའི་༸བླ་ན་མ་མཆིས་པའི་ ༸དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་ ༡༤ པ་ཆེན་ པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ དུས་ཆེན་ལ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ ༸སྐྱབས་གནས་བླ་ཆེན་ཁག་གཅིག་གིས་འཚམས་འདྲི་ཞུས་གནང་པའི་བཀའ་སློབ་བརྙན་པར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གོ་སྒྲིག་ཞུས་པའི་ ༼མང་གཙོ་གླེང་བ་༽ བཞེས་པའི་བརྗོད་གཞི་འོག་བརྙན་པར་འདོན་ཐེངས་གསུམ་པ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གོ་སྒྲིག་ཞུས་པའི་ ༼མང་གཙོ་གླེང་བ་༽ བཞེས་པའི་བརྗོད་གཞི་འོག་བརྙན་པར་འདོན་ཐེངས་གསུམ་པ་དེ་བཞིན་བོད་མིའི་སྤྱི་ཚོགས་ནང་འགན་འཁུར་བཞིན་པའི་བོད་ཀྱི་བུད་མེད་གཞོན་སྐྱེས་ཁག་གཅིག་གི་མང་གཙོའི་སྐོར་ལ་གཏམ་བཤད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་༼མང་གཙོ་གླེང་བ་༽བཞེས་པའི་བརྗོད་གཞི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་གསུང་བཤད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་༼མང་གཙོ་གླེང་བ་༽བཞེས་པའི་བརྗོད་གཞི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་གསུང་བཤད།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔའི་ཐུན་མོང་ཐོག་སྒྲག་གཏམ།

ཉེ་ལམ་རེ་གཟའ་ཟླ་བའི་ཉིན་རྒྱ་དམར་དྲག་པོའི་དམག་སྤུང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་དྭགས་མངའ་ཁོངས་གྷལ་ཝན་ལུང་གཤོངས་ལ་བཙན་འཛུལ་དྲག་གནོན་བྱས་ནས་རྒྱ་གར་གྱི་དམག་དཔོན་གཅིག་གཙོས་ཉུང་མཐར་ཡང་རྒྱ་གར་གྱི་དམག་མི་ ༢༠ རྐྱེན་ལམ་དུ་བཤོར་བ་དེ་ནི་ལོ་ངོ་ ༤༥ནང་རྒྱ་གར་གྱི་བདག་དབང་ལ་རྒྱ་དམར་གྱིས་བཙན་འཛུལ་རིམ་པ་བྱས་པའི་ནང་ནས་ཚབ་ཆེ་ཤོས་ཞིག་ཡིན་པ་དང་། ང་ཚོས་རྒྱ་གར་གྱི་དམག་མིའི་བློ་སྟོབས་ལ་གུས་བརྩི་ཞུ་བ་དང་། རྐྱེན་ལམ་དུ་ཤོར་བའི་ནང་མིར་མྱ་ངན་གདུང་སེམས་མཉམ་སྐྱེད་ཞུས་པ་དང་ཆབས་ཅིག་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་སྲིད་གཞུང་གིས་རྒྱ་གར་དང་མཉམ་དུ་ལངས་ནས་རྒྱ་ནག་དྲག་པོའི་དམག་དཔུང་གིས་རྒྱ་གར་གྱི་ས་ཆའི་ཐོག་ཁྲིམས་འགལ་གྱི་བཙན་འཛུལ་བྱས་པར་ངོ་རྒོལ་བྱས་ཏེ་ཐུན་མོང་ཐོག་རྒྱ་ནག་དམར་པོའི་རྒྱ་སྐྱེད་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཞུ་གཏུགས་ལས་འགུལ།

༄༅། །བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་རྒྱ་གར་ནང་ཡོད་ཕྱི་རྒྱལ་གཞུང་ཚབ་ཁག་ ༡༦༦ ཙམ་དང་རྒྱ་གར་ཕྱི་སྲིད་ལས་ཁུངས་སོགས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་ནང་ལས་ཁུངས་ཁག་བཅས་ལ་སྦྲག་ཐོག་དང་། མྱུར་འཕྲིན་བརྒྱུད་འདི་ལོ་རྒྱ་ནག་ཝུའུ་ཧན་ནས་ཐོག་མ་ཐོན་པའི་ཏོག་དབྱིབས་ནད་ཡམས་དེར། རྒྱ་དམར་སྲིད་གཞུང་གིས་ཐོག་མ་ཉིད་ནས་ནད་ཡམས་སྔོན་འགོག་ལས་དོན་ཐོག་བྱེད་ཕྱོགས་ལམ་སྟོན་ཁ་གསལ་མེད་པའི་འཁར་སྦས་གསང་བྱེད་ཐབས་བྱས་པ་དང་། ནད་ཡམས་དང་འབྲེལ་བའི་གནད་དོན་ཁག་ལ་རྒྱལ་སྤྱིའི་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཡོང་རྒྱུར་བཀག་འགོག་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་འཆར་འཛམ་གླིང་མཁྱོན་ཡོངས་ལ་ནད་ཡམས་དེའི་དཀའ་ངལ་བསམ་ཡུལ་ལས་འདས་པ་འཕྲད་བཞིན་པ་དེ་དག་གིས་ནག་ཉེས་དང་འགན་འཁུར་ཆ་ཚང་རྒྱ་ནག་དམར་པོའི་སྲིད་གཞུང་ནས་ཁུར་དགོས་བའི་སྐྱོན་བརྗོད་རྒྱལ་སྤྱིའི་སྲིད་གཞུང་དང་།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་ལྡི་ལིར༌ས༌བྱི་ཞི་རྒོལ་ཆེན་མོའི་བྱུང་ནས་ལོ་༡༠ འཁོར་པའི་དུས་དྲན་སྲུང་བརྩི་དང་འབྲེལ་གཞི་རྒྱ་ཆེ་པའི་རྔམ་སྟོན་འཁྲོམ་སྐོར་ཀྱི་ལས་འགུལ་ཞིག་སྤེལ་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༡༤ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་རྒྱ་གར་རྒྱལ་ས་ལྡི་ལིར༌ས༌བྱའི་ཞི་རྒོལ་གྱི་དྲག་གནོན་ཆེན་མོའི་བྱུང་ནས་མི་ལོ་ཧྲིལ་པོ་ ༡༠ འཁོར་པའི་དྲན་གསོ་ཆེད་གཞི་རྒྱ་ཆེ་པའི་རྔམ་སྟོན་འཁྲོམ་སྐོར་ཀྱི་ལས་འགུལ་ཞིག་སྤེལ་ཡོད།   དེ་ཡང་ཉིན་འདིར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲིག་འོག་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་གཞུང་གིས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དང་སྡུག་སྦྱོངས་མནར་གཅོད་བཏང་ཡོད་པའི་ཉི་ནག་དེ་དུས་དྲན་སྲུང་བརྩི་དང་བོད་དོན་དྲིལ་བསྒྲགས་བཅས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་སྤེལ་གནང་ཡོད།   

གསེར་རྟ་བླ་རུང་སྒར་ཆེད་མི་མང་གི་གདུང་སེམས་མཉམ་བསྐྱེད་ལས་འགུལ་སྤེལ་བ།

སྤྱི་ལོ་༢༠༡༦ ཟླ་ ༡༠ ཚེས་ ༡༩ ཉིན་གྱི་དགོང་མོ་ཆུ་ཚོད་༥ །༣༠ ཙམ་གྱི་ཐོག་ནས་འགོ་བཙུག་སྟེ། རྡ་ས་མེག་གྷན་བོད་ཁྱིམ་ཉིན་སློབ་ཀྱི་རྩེད་ཐང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ཚོགས་པ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སྟེ་ཚོགས་པ་ལྔ་པོ་ཐུན་མོང་གི་གོ་སྒྲིག་ཞུས་པ་དང་སྦྲགས་གཞུང་འབྲེལ་མ་ཡིན་པའི་ཚོགས་ལྔའི་ཚོགས་གཙོ་རྣམ་པ་གཙོས་པའི་རྒྱུན་ལས་དང་ལས་བྱེད་རྣམས་མཉམ་ཞུགས་ཐོག་རྡ་ས་ས་ཁུལ་གྱི་དགོན་སྡེ་ཁག་བཅུ་ཙམ་གྱི་གྲྭ་བཙུན་དང་དེ་བཞིན་མང་ཚོགས་བཅས་འདུ་འཛོམས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གི་གནས་བབ་ལ་གདུང་སེམས་མཉམ་སྐྱེད་དུ་མཆོད་འབུལ་སྨོན་ལམ་ཞུས་ཤིང་།

Scroll Up