བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་ཕྱི་འབྲེལ་འགན་འཛིན་གཉིས་ཀུ་ལི་མི་ན་ལེ་ས་གནས་སུ་འཚམས་གཟིགས་ལ་ཕེབས་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་དང་ཕྱི་འབྲེལ་འགན་འཛིན་ཚེ་རིང་གཡང་འཛོམས་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༥ ཉིན་ནས་ཚེས་༢༧ བར་ཀུ་ལི་མི་ན་ལེ་ས་གནས་སུ་འཚམས་གཟིགས་ལ་ཆེད་ཕེབས་གནང་ཡོད། 

ཟླ་འདིའི་ཚེས་ ༡༥ དང་༡༧ བཅས་སུ་ཅན་དྷི་གྷར་དང་བྷ་རོ་ཊ་ས་གནས་གཉིས་ལ་ས་རྒྱུན་གསར་བཙུགས་དང་འཕོ་ལེན་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་ཚོགས་གཞོན་ཀརྨ་གཡང་གྲུབ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་༡༥  དང་༡༧ བཅས་སུ་ཅན་དྷི་གྷར་དང་བྷ་རོ་ཊ་ས་གནས་གཉིས་སུ་ཆེད་ཕེབས་གནང་ནས་ས་རྒྱུན་གསར་བཙུགས་དང་འཕོ་ལེན་བཅས་གནང་ཡོད་པ་རེད། 

སྦེལ་སྐབས་ས་གནས་སུ་འཚམས་གཟིགས་ཕེབས་པ།

སྤྱི་ལོ་༢༠༡༦ཟླ་༨ཚེས་༡༤ཉིན་སྦེལ་ཀོབ་ས་གནས་མང་གཙོ་ཚོགས་པའི་ཚོགས་མི་རྣམས་ཚོགས་སྐོང་ཐོག་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་ཚོགས་གཞོན་ཀརྨ་གཡང་གྲུབ་གཉིས་ཀྱིས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱི་ལས་དོན་སྒྲུབ་ཕྱོགས་སྐོར་ལ་དབུས་རྒྱུན་གསར་པའི་འཚམས་འདྲི་དང་སྦྲགས་ཞུགས་མོལ་གྱི་ཚོགས་འདུ་ཞིག་ཀྱང་ཚོགས་ཡོད།

Scroll Up