མ་འོངས་པའི་ལས་འཆར།

སྐབས་བབ་ཀྱི་ལས་འཆར།

སྐབས་བདུན་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་ལས་ནས་སྐབས་སྔོན་མའི་རྒྱུན་མཐུན་ཏེ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་རྒྱུན་ལས་སྐྱར་གསོ་དང་། གསར་འཛུགས། ཚོགས་མི་རྒྱ་བསྐྱེད། དབུས་རྒྱུན་ཟུར་པ་དང་རྒྱབ་སྐྱོར་བ་ཡོངས་ལ་འབྲེལ་མཐུད་རྒྱུན་སྐྱོང་ཐོག  སྲིད་དོན་ཚོགས་པའི་གལ་ཆེའི་ངོ་བོའི་སྒོ་ནས་གཞི་རིམ་མང་ཚོགས་རྣམས་ལ་གལ་ཆེའི་མི་སྣ་གདན་ཞུས་ཐོག་ཆབ་སྲིད་ཀྱི་བགྲོ་གླེང་དང་། མི་རབས་གསར་པའི་གཞོན་སྐྱེས་རྣམས་ལ་ཟབ་སྦྱོང་དང་། ལམ་སྟོན།  དྲིལ་བསྒྲགས་བཅས་ཀྱི་ལམ་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོར་འདེགས་ཡོང་བའི་ལས་རིམ་མུ་མཐུད་སྤེལ་བའི་ཐབས་ལམ་གང་ཟབ་མཇུག་སྐྱོང་བྱ་རྒྱུ་དང་འབྲེལ། གོང་གསལ་གྱི་ལས་དོན་གཉེར་རྒྱུའི་ཆ་རྐྱེན་དུ་དཔལ་འབྱོར་འཚོལ་བསྡུ་ཞུ་རྒྱུ་བཅས་ཀྱི་སྐབས་བབ་ཀྱི་ལས་འཆར་རགས་བསྡུས་སུ།

Scroll Up