༄༅།།༸གོང་ས་མཆོག་གིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་བསྩལ་བའི་བཀའ་སློབ་ལས་བཏུས།

དེ་ཡང་། མང་གཙོ་རང་དབང་ལྡན་པ་མཚན་ཉིད་ཚང་བའི་སྲིད་གཞ

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་སྐབས་ཀྱི་འདྲ་པར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ངོ་སྤྲོད། བོད་ཀྱ

བཀའ་སློབ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
“མ་འོངས་པར་བོད་འདི་དངོས་འབྲེལ་མང་གཙོ་མཚན་ཉིད་ཚང་ཞིང། ཡག་པོ་ཞིག་ཡོང་བའི་དོན་དུ་སྲིད་དོན་གྱི་ཚོགས་པ་འདྲ་མིན་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་རིང་ཁྱེད་རང་ཚོས་སྲིད་དོན་གྱི་ཚོགས་པ་ཞིག་བཙུགས་པ་འདིས། ཏན་ཏན་ང་ཚོའི་མ་འོངས་པའི་དམིགས་ཡུལ་རླབས་ཆེན་ཞིག་སྒྲུབ་པའི་ཐད་ལ་ཞབས་འདེགས་ངེས་ཅན་ཞིག་འགྲུབ་ངེས་རེད་དྲན་གྱི་འདུག”

དགའ་བསུའི་མཚམས་འདྲི།

སྤྱི་ལོ་༢༠༡༦ཟླ་༧ཚེས་༡༢ཉིན། རྡ་ས་བོད་ཀྱི་མགྲོན་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་གསུམ་པའི་ཚོགས་གཙོ་ཟུར་པ་སྐུ་ངོ་ཨཙཱརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་འདི་ལོར་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་ཚོགས་གཞོན་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་དྲུག་པའི་ཚོགས་གཙོ་ཟུར་པ་དགེ་ལེགས་འཇམ་དབྱངས་ལགས་སྤོན་ཀྲ་ས་གནས་འགོ་འཛིན་ལ་བསྐོ་བཞག་བྱུང་བ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་དུས་རྒྱུན་ནས་རྒྱབ་སྐྱོར་གནང་མཁན་སྐུ་ངོ་ཟླ་བ་རིན་ཆེན་ལགས་རྡ་ས་ས་གནས་འགོ་འཛིན་དུ་བསྐོ་བཞག་བྱུང་བ་བཅས་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དགའ་བསུའི་འཚམས་འདྲི་མཚོན་བྱེད་རྡ་སར་ཡོད་པའི་དབུས་རྒྱུན་ལས་ཟུར་ཚང་མ་ལྷན་འཛོམས་ཀྱིས་གསོལ་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས།

ལམ་སྟོན་ལྷན་ཚོགས་ཞིག་སྐོང་ཚོགས་གནང་བ།

སྤྱི་ལོ་༢༠༡༦ཟླ་༧ཚེས་༣ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་གྱི་བསམ་འཆར་དང་སྐབས་བདུན་པའི་རྒྱུན་ལས་གསར་པའི་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་ལམ་སྟོན་ཞུས་བར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཙཱརྱཱ་ཡེ་ཤེས་ཕུན་ཚོགས་གཙོས་རྡ་སར་གཏན་བཞུགས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་ཟུར་པ་རྣམ་པ་དང་རྒྱུན་ལས་ལྷན་འཛོམས་ཀྱིས་ལམ་སྟོན་ལྷན་ཚོགས་ཞིག་སྐོང་ཚོགས་གནང་།

སྐབས་བཅུ་དྲུག་པའི་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཉིས་ལ་འཚམས་འདྲི་ཞུས་པ།

སྤྱི་ལོ་༢༠༡༦ཟླ་༦ཚེས་༣༠ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨཙཱརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་སྐབས་བཅུ་དྲུག་པའི་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་སོ་སོར་འདེམས་ཐོན་བྱུང་བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་ཚོགས་གཞོན་ཀརྨ་གཡང་གྲུབ་ཚོགས་ཟུར་དགེ་ལེགས་འཇམ་དབྱངས་གསུམ་འཚམས་འདྲི་ཞུ་བར་ཆེད་བཅར་ཞུས་ཡོད།

སྲིད་སྐྱོང་ཁྲི་གསོལ་ལ་འཚམས་འདྲིར་བཅར་བ།

སྤྱི་ལོ་༢༠༡༦ཟླ་༦ཚེས་༢༨ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་སྐབས་༡༥པའི་སྲིད་སྐྱོང་གི་ཁྲི་གསོལ་ལ་འཚམས་འདྲི་ཞུ་བར་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཆེད་བཅར་ཞུས།

སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ལ་འཚམས་འདྲི།

སྤྱི་ལོ་༢༠༡༦ཟླ་༥ཚེས་༣༡ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་རྒྱབ་སྐྱོར་གནང་མཁན་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སུ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་ཚོགས་གཞོན་ཀརྨ་གཡང་གྲུབ་ཚོགས་ཟུར་དགེ་ལེགས་འཇམ་དབྱངས་གསུམ་འཚམས་འདྲིར་ཆེད་བཅར་ཞུས།

སྐབས་བདུན་པའི་དབུས་རྒྱུན་གསར་འདེམས།

སྤྱི་ལོ་༢༠༡༦ཟླ་༥ཚེས་༢༤ནས་༢༦བར་བར་ཚོགས་ཆེན་ཐེངས་བདུན་པ་རྡ་སའི་ནོར་བུ་མགྲོན་ཁང་དུ་ཚོགས་པ་དང་། འོས་བསྡུའི་ལམ་ནས་སྐབས་བདུན་པའི་རྒྱུན་ལས་གསར་འདེམས་ཀྱིས་རྒྱུན་ལས་བདུན་དུ་གཏན་འཁེལ་བའོ།

འབར་མའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད།

སྤྱི་ལོ་ ༢༠༡༦ཟླ་༥ཚེས་༡༢ཉིན་འབར་མའི་གྲོས་ཚོགས་འཐུས་མི་དང་། གསར་འགོད་པ་སོགས་གནད་ཡོད་མི་སྣ་ཁག་གཅིག་རྡ་ས་ཕེབས་པའི་སྐབས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཡིག་ཚང་ནང་གདན་ཞུས་སྣེ་ལེན་འཚམས་འདྲི་དང་ཚོགས་པའི་ངོ་སྤྲོད་ཞུས།

Scroll Up