དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་བྱང་ཤར་ས་ཁུལ་ཁག་ལ་ཕྱོགས་ཕེབས་སྐབས་མངའ་གཞུང་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།

༢༠༡༩་ལོའི་ཟླ་བ་ ༡༡ ཚེས ༡༦ འབྲས་ལྗོངས་མངའ་སྡེའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨིན་དྷ་ར་ ཧང་ སུ་བྷ་མཆོག ༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ནས་ ༡༤ བར་ཉིན་གྲངས་ ༨ རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་བསྟུན། ཀ་རྡོར་སྒང་གསུམ་དང་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་སོ་སོའི་གོ་སྒྲིག་འོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་ལས་ཟུར་དང་། བོད་དོན་རྒྱབ་སྐྱོར་བ་སོགས་གནད་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་ཡོད་འདུག ཕྱི་ཚེས་ ༧ ནས་ ༡༤ བར་རིམ་པས་རྡོར་གླིང་རྫོང་དཔོན་ལྕམ་སྐུ་དྷི་བྷབ་ པིར་ཡ་ […]

དཔལ་ལྡན་ཚོགས་གཞོན་མཆོག་གིས་སྒང་ཏོག་དང་ཀ་སྦུག་ས་གནས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།

༢༠༡༩ལོའི་ཟླ་བ་ ༡༡ ཚེས ༡༤ དཔལ་ལྡན་ཚོགས་གཞོན་མཆོག་དང་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག ༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ནས་ ༡༤ བར་ཉིན་གྲངས་ ༨ རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་གནང་བ་ལྟར། རྡོར་གླིང་དང་། བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༡༡ ནས་ ༡༣ བར་རིམ་པས་སྒང་ཏོག་དང་། ཀ་སྦུག་ས་གནས་མང་ཚོགས་རྣམས་ལ་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག དེ་ཡང་ཕྱི་ཚེས་ […]

དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་བྱང་ཤར་ས་ཁུལ་ཁག་ཅིག་ནང་ “མང་གཙོ་དང་ཆིག་སྒྲིལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།

༢༠༡༩ ཟླ་བ་ ༡༡ ཚེས ༡༡ ༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ནས་ ༡༤ བར་ཉིན་གྲངས་ ༨ རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མི་མང་རྣམས་ལ་ “མང་གཙོ་དང་ཆིག་སྒྲིལ་“ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་གནང་བ་ལྟར། ཕྱི་ཚེས་ ༧ ནས་ ༡༠ བར་རིམ་པས་རྡོར་གླིང་དང་། བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མང་ཚོགས་རྣམས་ལ་གོང་གི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག དེ་ཡང་ཕྱི་ཚེས་ ༦ ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་མཆོག་བྷག་ཌོ་ར་ […]

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གསར་པའི་མཛད་ཁུར་བཞེས་པར་འཚམས་འདྲི་ཞུས།

༄༅།  །སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་བྱང་སྟོད་རུ་ཐོག་པདྨ་འབྱུང་གནས་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཞབས་སྟེགས་དམ་འབུལ་ཉིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དང་དབུས་རྒྱུན་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ངོ་ཚོགས་གཙོའི་ལས་ཁུངས་སུ་ཆེད་བཅར་གྱིས་འཚམས་འདྲི་བཀྲིས་བདེ་ལེགས་ཀྱི་མཇལ་དར་འདེགས་འབུལ་ཞུས་པ་དང་ཆབས་ཅིག་སྐུ་ངོ་མཆོག་མ་འོངས་པའི་ཕྱག་ལས་ཐུགས་འགན་བཞེས་པའི་རིང་ཕྱི་ནང་མཛད་དོན་ཁག་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢ ཉིན་ལ།

འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་པའི་སྐོར་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་དང་དཔལ་ལྡན་སྲིད་སྐྱོང་བཅས་ལ་མཇལ་བཅར་ཞུས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་རྒྱབ་ཕྱག་ཚོད་ ༤ པའི་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཆ་ཚང་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གི་ཡིག་ཚང་ནང་ཆེད་བཅར་གྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་པའི་སྐོར་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་བདུན་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསར་འགོད་བསྒྲགས་གཏམ་འབུལ་ལམ་དང་འབྲེལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བསམ་ཚུལ་སྙན་སེང་ཞུས། ༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༡༠ པའི་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་སར་ཆེད་བཅར་གྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་པའི་སྐོར་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་བདུན་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསར་འགོད་བསྒྲགས་གཏམ་འབུལ་ལམ་དང་འབྲེལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བསམ་ཚུལ་སྙན་སེང་ཞུས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༢ ཉིན་ལ།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ ཚེས་ ༡༤ ཉིན།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༤ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཟློས་གར་ཚོགས་ཁང་ནང་རྒྱ་གར་ལྷོ་ཕྱོགས་མ་ཌར་སི་མཐོ་སློབ་འགྲོ་བཞིན་པའི་སློབ་ཕྲུག་ཁག་གཅིག་ལ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡི་ཚོགས་པ་སོ་སོའི་ངོ་སྤྲོད་དང་བོད་ནང་གི་གནས་སྟངས་བཅས་ངོ་སྤྲོད་བྱས་ཡོད་པ་དེར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཕྱི་འབྲེལ་འགན་འཛིན་ཚེ་རིང་དབྱངས་འཛོམས་མཉམ་ཞུགས་དང་ཚོགས་པའི་ངོ་སྤྲོད་བཅས་ཞུས། On 14th of December ,2017 morning National Demoratic Party of Tibet’s International Secretary Ms.Tsering Yangzom joined with four other NGOs to […]

ཧི་མ་ལ་ཡའི་དུས་སྟོན་གྱི་ཆེད་དུ།

སྤྱི་ལོ་ ༢༠༡༤ཟླ་ ༡༡ ཚེས ༡༤ ཉིན་ཧིན་བོད་མཛའ་གྲོགས་ཚོགས་པའི་ཚོགས་འདུ་ཚོགས་ཏེ། ༧སྐྱབས་མགོན་རིན་པོ་ཆེ་ལ་ནོར་ཝེའི་ཞི་བདེའི་གཟེང་རྟགས་ཕུལ་བའི་ཉིན་མོ་དང་བསྟུན་ནས་ཧིན་བོད་མཛའ་གྲོགས་ཚོགས་པས་ཧི་མ་ལ་ཡའི་དུས་སྟོན་ཞེས་པའི་མཛད་སྒོ་ཉིན་གཉིས་རིང་འཚོགས་གཏན་འཁེལ་བ་ལྟར་ཧིན་བོད་གཉིས་ཀྱི་ཚོགས་སྡེ་ཁག་གི་འཐུས་མི་ལྷན་འཛོམས་སར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་ཚོགས་འདུར་ཆེད་བཅར་ཞུས་པ་མ་ཟད་ཚེས་ ༡༧/༡༨ ཉིན་གཉིས་དུས་སྟོན་དེའི་ཆེད་ཞལ་འདེབས་སློང་དུ་མཉམ་བསྐྱོད་ཞུས་ཡོད་ལ། ཟླ་༡༡ ཚེས ༢༠ ཉིན་ ཡང་བསྐྱར་ཧིན་བོད་མཛའ་གྲོགས་ཚོགས་པའི་གོང་གསལ་གྱི་ལས་རིམ་སྐོར་ལ་ཚོགས་འདུ་ཚོགས་པར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་དང་ཕྱི་འབྲེལ་འགན་འཛིན་གཉིས་ཚོགས་བརྡ་འབྱོར་དོན་ལྟར་ཆེད་བཅར་ཞུས་ཡོད། On 14/20 of November,2017 Indo Tibetan Friendship Association with settlement officer Mr. Dawa Rinchen […]

ཚན༌རིག ནང༌ཆོས། འཛམ༌གླིང༌ཞི༌བདེ། ཞེས༌པའི༌བགྲོ་གླེང་།

ཕྱི༌ལོ༌ ༢༠༡༧ ཟླ༌ ༡༡ ཚེས༌ ༤ ཉིན༌ སྤྱི༌ནོར༌གོང༌ས༌སྐྱབས༌མགོན༌ཆེན༌པོ༌མཆོག༌དབུ༌བཞུགས༌ཐོག༌རྡ༌རམ༌སར༌རྒྱ༌གར༌གཞུང༌གི༌མཐོ༌སློབ༌ཀྱི༌ཚོགས༌ཁང༌དུ། ཚན༌རིག ནང༌ཆོས། འཛམ༌གླིང༌ཞི༌བདེ། ཞེས༌པའི༌བརྗོད༌གཞིས༌ཐོག༌ བགྲོ༌གླེང༌ཟབ་རྒྱས་གནང་བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཕྱི་འབྲེལ་འགན་འཛིན་དང་རྩིས་པ་གཉིས་ཆེད་བཅར་ཞུས་པ།

Scroll Up