སྦེལ་ཀོབ་ས་གནས་རྒྱུན་ལས་གསར་འདེམས།

ཕྱི་ལོ་ ༢༠༡༧ ཟླ ༦ ཚེས ༢༩ ཉིན་ས་གནས་སྦེལ་ཀོབ་བོད་ཀྱི་རྒྱལ་ཡོང་མང་གཙོ་ཚོགས་པའི་སྐབས་གསུམ་པའི་རྒྱུན་ལས་གསར་འདེམས་ལེགས་སྒྲུབ་བྱུང་བ། Successfully elected Bylakuppe regional executive member of National Democratic Party of Tibet.  

སྐབས་༤པའི་རྡ་ས་ས་གནས་རྒྱུན་ལས་གསར་བསྐོས།

སྤྱི་ལོ་༢༠༡༦ཟླ་༩ཚེས་༢༧ཉིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སློབ་སྟོན་པ་དང་དབུས་རྒྱུན་ལྷན་འཛོམས་ཐོག་རྡ་ས་ས་གནས་སྐབས་བཞི་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་གསར་འདེམས་ཀྱིས་རྒྱུན་ལས་ལྔ་བསྐོ་བཞག་གནང་ཡོད།

ཧོན་སུར་ས་གནས་རྒྱུན་ལས་བསྐྱར་གསོ་གནང་བ།

སྤྱི་ལོ་༢༠༡༦ཟླ་༨ཚེས་༡༦ཉིན། དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་ཚོགས་གཞོན་ཀརྨ་གཡང་གྲུབ་གཉིས་ཧོན་སུར་ས་གནས་སུ་ཆེད་བཅར་གྱིས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་མི་བསྡུ་སྐོང་གིས་ས་གནས་རྒྱུན་ལས་འོས་འདེམས་ཐོག་ཧོན་སུར་ས་གནས་བསྐྱར་གསོ་གནང་ཡོད།

བདེ་སྐྱིད་གླིང་ས་གནས་རྒྱུན་ལས་འཕོ་ལེན།

སྤྱི་ལོ་༢༠༡༦ཟླ་༧ཚེས་༢༦ཉིན། བདེ་སྐྱིད་གླིང་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་དྲུག་པའི་རྒྱུན་ལས་འཕོ་ལེན་ཆེད་དབུས་ཀྱི་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་དཔལ་འབྱོར་འགན་འཛིན་དགེ་འདུན་ཚེ་འཕེལ་གཉིས་ས་གནས་སུ་ཆེད་བཅར་གྱིས་སྐབས་དྲུག་པའི་ས་རྒྱུན་འོས་འདེམས་ཀྱིས་བསྐོ་བཞག་ཞུས།

Scroll Up