བོད་ཀྱི་རྒྱལ་ཡོངས་མང་གཚོ་ཚོགས་པའི་གདན་ཞུས་གོ་སྒྲིག་འོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མང་གཙོ་དང་ཆིག་སྒྲིལ་ཐོག་གསུང་བཤད་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱི་གོ་སྒྲིག་འོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་བཞིའི་ནང་༼མང་གཙོ་དང་ཆིག་སྒྲིལ་༽ བཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པ་ཆ་ཚང་ཚོགས་དྲུང་ལས་ཁུངས་ནས་ཡིག་ཐོག་ཕབས་ཡོད་པ་གཤམ་གསལ་ལྟར་འདིའི་དྲྭ་རྒྱུའི་ནང་བཀོད་འབུལ་ཞུ་རྒྱུ་ཡིན། དེ་ཡང་ཉིན་འདིའི་ཚོགས་འདུ་དབུ་འཛུགས་ཀྱི་ཐོག་ཐོག་མར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་མང་གཙོ་དང་ཆིག་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གཏམ་བཤད་འབྲེལ་གཞི་རྩའི་ང་ཚོ་མང་གཙོ་རེད་ལ་ཆིག་སྒྲིལ་མི་འདུག་ཞུ་ཡི་མེད་དེ་ང་ཚོའི་མང་གཙོ་དེ་རྒྱལ་ཁབ་རང་བཙན་ཡོད་པའི་མང་གཙོ་དང་མ་འདྲ་པའི་བོད་རང་བཙན་ཤོར་ནས་སྐྱབས་བཅོལ་པའི་གནས་བབས་ཞིག་གི་འོག་ནས་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཞིག་དང་མི་རིགས་ཞིག་ཡིན་དུས་མང་གཙོ་ལས་གལ་ཆེ་བ་རྩོ་དོན་འཐབ་རྩོད་བྱེད་རྒྱུ་དེ་ཡིན་པ་དང་། རྩ་དོན་འཐབ་རྩོད་བྱེད་པར་མེད་དུ་མི་རུང་པའི་ཆ་སྐྱེན་དེ་ཆིག་སྒྲིལ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དེ་རིང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཆེད་དུ་གདན་འདྲེན་ཞུས་ནས་གོང་གསལ་བརྗོད་གཞི་འདིའི་ཐོག་གསུང་བཤད་གོ་སྒྲིག་ཞུས་པ་ཡིན་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་བྱས་པའི་ཐེངས་འདིའི་མཛད་རིམ་ཡོངས་ལེགས་པར་གྲུབ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱི་གོ་སྒྲིག་དང་གདན་ཞུ་ལྟར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༩ ཉིན་གྱི་ཞོགས་པ་སྦེལ་ཀོབ་ལུགས་བདེ་ས་གནས་གཉིས་ཀྱི་མཛད་རིམ་ཡོངས་ལེགས་གྲུབ་གྱིས་ཧོན་སུར་རབས་རྒྱས་གླིང་བོད་མིའི་གཞིས་སྒར་ནང་ཆིབས་བསྒྱུར་བསྐྱངས་གནང་ཡོད

སྦེལ་ཀོབ་ས་གནས་སེར་སྐྱ་མི་མང་ལ་༼མང་གཙོ་དང་ཆིག་སྒྲིལ་༽ཞེས་པའི་བརྗོད་གཞིའི་ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་ཟུང་འབྲེལ་ཐོག་གོ་སྒྲིག་དང་གཏན་ཞུས་གནང་དོན་ལྟར།   ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༨ ཉིན་དཔལ་ལྡན་བོད་མི་མང་སྐུ་ངོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་ནང་ལུགས་བདེ་གཉིས་ཀྱི་སེར་སྐྱ་མི་མང་དང་།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་༼མང་གཙོ་དང་ཆིག་སྒྲིལ་༽བཞེས་པའི་བརྗོད་གཞིའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཏམ་བཤད་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་འོག་༼མང་གཙོ་དང་ཆིག་སྒྲིལ་༽བཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་ཡོད་པ་རེད།

མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་གི་འཇུག་སྡོམ་མཛད་སྒོ

ཕྱི་ལོ་ ༢༠༡༧ ཟླ ༦ ཚེས ༣༠ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་ཞུས་པའི་(འབྱུང་འགྱུར་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་) ཉིན་མཐའ་མའི་ཉིན་རྒྱབ་བརྗོད་གཞི་(བོད་དོན་བདེན་མཐའ་གསལ་ཐབས་སུ་མི་རབས་གསར་པར་འགན་ཁྲི་ཇི་ཡོད།) ཐོག་སྤྱི་ཁྱབ་སློབ་སྟོན་པ་སྐུ་ངོ་བློ་བཟང་ཕུན་ཚོགས་མཆོག་ནས་ཟབ་འཁྲིད་གནང་བ།  Leadership Workshop for New Generation oganize by NDPT.   Agenda on “Responsibility of Youth for the Tibetan Struggle” by Mr. […]

འབྱུང་འགྱུར་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་།

ཕྱི་ལོ་༢༠༡༧ ཟླ ༦ ཚེས་ ༢༩ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་ཞུས་པའི་འབྱུང་འགྱུར་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་གི་ཉིན་གཉིས་པའི་ཉིན་རྒྱབ་བརྗོད་གཞི་(མང་གཙོའི་ལམ་ལུགས་དང་ལས་སྣོན་བྱེད་སྟངས་ལ་མི་རབས་གསར་པར་འགན་འཁྲི) ཐོག་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནས་ཟབ་ཁྲིད་གནང་བཞིན་པའི་པར། Leadership Workshop for New Generation oganize by NDPT. On Role of younger generation in Democratic System /Process by Mrs. Tsering Youdon,TGIE […]

གཞོན་སྐྱེས་འགོ་ཁྲིད།

ཕྱི་ལོ ༢༠༡༧ ཟླ ༦་ཚེས ༢༩ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་ཞུས་པའི་(འབྱུང་འགྱུར་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་)ཉིན་གཉིས་པའི་བརྗོད་གཞི་གཞོན་སྐྱེས་འགོ་ཁྲིད། གང་ཟག་བྱེ་བྲག་པའི་གཤིས་སྤྱོད་དང་བློ་སྤོབས་བསྐྱེད་པར་བྱ་བའི་གསུང་བཤད། (དུས་ཀྱི་གཉན་འཕྲང་སྐབས་འགོ་ཁྲིད་གང་འདྲ་ཞིག་བྱེད་དགོས་མིན།) ཟབ་སྦྱོང་གནང་མཁན་ཧིན་བོད་མཛའ་འབྲེལ་ཚོགས་གཞོན་སྐུ་ཞབས་ཨེ་ཨེ་ཅིང་ག་པ། Leadership Workshop for New Generation oganize by NDPT. On Youth Leadership, Personality, Development and motivational Talk(How to become a […]

སྤྱི་འཐུས་བསམ་བསྟན་ཆོས་སྒྲོན་ལགས་ཀྱིས་བཙན་འབྱོལ་བོད་མིའི་བུད་མེད་ཀྱི་ནུས་སྟོབས་ཟབ་སྦྱོང་གནང་བཞིན་པ།

སྤྱི་འཐུས་བསམ་བསྟན་ཆོས་སྒྲོན་ལགས་ཀྱིས་བཙན་འབྱོལ་བོད་མིའི་བུད་མེད་ཀྱི་ནུས་སྟོབས་སྐོར་ཟབ་སྦྱོང་གནང་བཞིན་པའི་པར། Mrs. Samten Choedon, Parliamentarian of TGIE, is giving talk on Woman Empowerment in Exile.

བཀའ་ཟུར་རྒྱ་རི་སྒྲོལ་མས་ཟབ་སྦྱོང་གནང་བཞིན་པ།

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༨ ཉིན་ཀྱི་ཟབ་སྦྱོང་ཚོགས་ཐེངས་དང་པོ་ཟབ་སྦྱོང་གནང་མཁན་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག བོད་མིའི་མང་གཙོ་ངོ་སྤྲོད་དང་འཕེལ་རིམ། མི་རབས་གསར་པའི་གདོང་ལེན་དང་མཉམ་ཞུགས་གང་འདྲ་བྱུང་ཡོད་མེད་སྐོར། Ex-Cabinet Minister Honorable Gyari Dolma is very kindly giving briefing on Democracy in Tibetan Exile Government and its present […]

Scroll Up