དཔལ་འབྱོར་འདུ་འགོད་གྱི་ལས་དོན་ལེགས་འགྲུབ་བྱུང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དཔལ་འབྱོར་འདུ་འགོད་ཆེད་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་དངུལ་གཉེར་སྐལ་བཟང་བདེ་སྐྱིད་གཉིས་བལ་ཡུལ་དུ་ཆེད་ཕེབས་གནང་ཡོད། 

ཨར་ཨེསི་ཨེསི་ཚོགས་པའི་སློབ་སྟོན་པ་ཨན་དྷེར་ཤ་ཀུ་མར་མཆོག་ལ་འཚམས་འདྲི་ཞུ་ཡོད།

ཕྱི་༢༠༡༨ ཟླ་༥ ཚེས་༧ ཕྱི་དྲོའི་ཆུ་ཚོད་༣.༣༠ སྟེང་དྷ་ས་བདེ་དོན་ཚོགས་ཁང་དུ། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པའི་གོ་སྒྲིག་འོག་བོད་དང་རྒྱ་གར་གྱི་རིག་གཞུང་འབྲེལ་ལམ་ཞེས་པའི་བགྲེ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད།  ཚོགས་འདུའི་སྐུ་མགྲོན་གཙོ་བོར་རྒྱ་གར་(RSS)ཚོགས་པའི་སློབ་སྟོན་པ་ཨིན་ཌིར་ཤི་ཀུ་མར་ (Indresh Kumar) མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་གཙོས་སེར་སྐྱ་མི་མང་བཅས་མཉམ་འཛོམས་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྩིས་པ་བསྟན་འཛིན་པ་སངས་ལགས་དང་།  དངུལ་མཉེར་སྐལ་བཟང་བདེ་སྐྱིད་ལགས་གཉིས་མཉམ་ཞུགས་དང་དམིགས་བསལ་སྐུ་མགྲོན་གཙོ་པོ་མཆོག་ལ་འཚམས་འདྲི་དང་ཚོགས་པའི་ངོ་སྤྲོད་བཅས་ཞུས་ཡོད།

ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ལ་འཚམས་འདྲི་ཞུས་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གངས་ཅན་སྐྱིད་ཤོང་ཚོགས་ཁང་གསར་པའི་ནང་ཨ་རི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨིལ་ལི་ན་རའོ་སི་མཆོག་དང་ལྕམ་སྐུ་ཁེ་ལའོ་ཌི་ཡ་ཊེ་ནི་མཆོག་རྣམ་གཉིས་ཨ་རིའི་གཞུང་འབྲེལ་འཚམས་་གཟིགས་སུ་ཕེབས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་དང་། 

རྒྱ་གར་རཀྴ་བྷན་དན་ཉིན་RSS ཚོགས་མི་ Indresh Kumar ལ་མཚམས་འདྲི་ཞུས།

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༤ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་དང་དཔལ་འབྱོར་འགན་འཛིན་དགེ་འདུན་ཚེ་འཕེལ་ལགས། ལྡི་ལི་ས་གནས་རྒྱུན་ལས་བཅས་ལྡི་ལིར་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གྲོགས་པོ་ཨར་ཨེ་སི་ཨེ་སི་(RSS) ཚོགས་པའི་གཙོ་འཛིན་གཞོན་པ་ཨིན་རྡར་ཤི་ཀུ་མར་མཆོག་སྐུ་མགྲོན་གཙོ་བོ་གནང་པའི་རྒྱལ་སྤྱིའི་རཀྴ་བྷ་དྷན་ཉིན་མོ་སི་པིག་སན་ཀྲར་(Civic Centre) རྒྱ་གར་གཞུང་གི་ཚོགས་ཁང་ནང་མི་མང་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས་སྲུང་བརྩི་ཞུས་པར་དེར་མགྲོན་འབོད་ལྟར་་ཆེད་བཅར་གྱི་དམིགས་བསལ་ཨིན་རྡར་ཤ་ཀུ་མར་( Indresh Kumar) མཆོག་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་མཆོག་ནས་ད་བར་ཁྱེད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་ཡང་མུ་མཐུད་བོད་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་གང་དྲག་གནང་རོགས་ཞུས་དོན་ལྟར་ཁོང་གིས་ཀྱང་དེ་བཞིན་གནང་ཆོག་ཅེས་ཞལ་བཞེས་གཙང་མར་གནང་བར་ཐུགས་རྗེ་ཆེ་ཞུའི་ལེགས་མཚོན་ཆེད་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ལགས་ནས་འཛམ་བྷ་ལྷ་ཡི་གོས་ཐང་ཞིག་ཕུལ་གནང་མཛད་པ་མ་ཟད། དེ་བཞིན་དུ་ཨར་ཨེ་སི་ཨེ་སི་(RSS)ཚོགས་པའི་དཔོན་རིགས་བོད་དོན་རྒྱབ་སྐྱོར་བ་གཞན་ཁག་ཅིག་ལའང་མཇལ་བཅར་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་སྒྲོན་འབུལ་ཞུས་པ་བཅས་སོ། On 4th August 2017, Mr. Tsetan Norbu, President and Mr. Gedun Tsephel, […]

སྐྱེས་སྐར་འཚམས་འདྲི་ཞུ་བ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་དང་དཔལ་འབྱོར་འགན་འཛིན་དགེ་འདུན་ལགས་རྣམ་གཉིས་ཧི་མ་ཅལ་མངའ་སྡེའི་འཛུགས་བསྐྲུན་དང་འཆརའགོད་བློན་ཆེན་སྐུ་ཞབས་སུ་སྡིར་ཤར་མ་མཆོག་གི་སྐྱེས་སྐ ར་ལ་འཚམས་འདྲི་ཞུ་རུ་བཅར། Mr. Tseten Norbu and Gendun of NDPT went to wish Mr. Sudhir Sharma, Minister of Housing, Urban Development and Town and Country Planning in Government of Himachal […]

སྤྱི་འཐུས་སྐུ་ངོ་ཐུབ་བསྟན་དབང་ཆེན་ལགས་དང་མཇལ་འཕྲད།

ཕྱི་ལོ་ 2017 ཟླ་ 7 ཚེས་ 29 རེས་གཟའ་སྤེན་པའི་དགོང་གྲོ་ཡོ་རོབ་བོད་མི་མང་སྤྱི་འཐུས་སྐུ་ངོ་ཐུབ་བསྟན་དབང་ཆེན་ལགས་ཀྱི་སྣེ་འཁྲིད་གནང་པའི་སི་པན་ནས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ 11 བཞུགས་སྒར་དུ་འཚམས་གཟིགས་ཕེབས་པ་དང་བསྟུན་རྡ་ས་ནོར་བུ་མགྲོན་ཁང་ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དང་རྒྱུན་ལས་རྣམས་ཆེད་བཅར་ཀྱི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ངོ་སྤྲོད་དང་ཁོང་རྣམས་ལ་འཚམས་འདྲི་མཇལ་དར་བཅས་ཕུལ་ཡོད། National Democratic Party of Tibet, president Tsetan Norbu, executive and staff was greeted and interact European chitue Thubten Wangchen […]

སྐུ་ཞབས་ཝིལ་ཧྥརེཊ་མཆོག་ལ་ཕེབས་བསུའི་འཚམས་འདྲིར་བཅར་བ།

སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༡ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་ཚོགས་གཞོན་ཀརྨ་གཡང་སྒྲུབ་དྲུང་ཆེ་དགེ་བཤེས་ཉི་མ་རྒྱལ་མཚན་དང་སློབ་སྟོན་པ་ཚེ་ཕྱག་ཐུབ་བསྟན་སྙན་གྲགས་བཅས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱབ་སྐྱོར་བ་སྐུ་ཞབས་ཝིལ་ཧྥརེཊ་མཆོག་ལ་ཕེབས་བསུའི་འཚམས་འདྲིར་བཅར་བ།

དགའ་བསུའི་མཚམས་འདྲི།

སྤྱི་ལོ་༢༠༡༦ཟླ་༧ཚེས་༡༢ཉིན། རྡ་ས་བོད་ཀྱི་མགྲོན་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་གསུམ་པའི་ཚོགས་གཙོ་ཟུར་པ་སྐུ་ངོ་ཨཙཱརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་འདི་ལོར་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་ཚོགས་གཞོན་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་དྲུག་པའི་ཚོགས་གཙོ་ཟུར་པ་དགེ་ལེགས་འཇམ་དབྱངས་ལགས་སྤོན་ཀྲ་ས་གནས་འགོ་འཛིན་ལ་བསྐོ་བཞག་བྱུང་བ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་དུས་རྒྱུན་ནས་རྒྱབ་སྐྱོར་གནང་མཁན་སྐུ་ངོ་ཟླ་བ་རིན་ཆེན་ལགས་རྡ་ས་ས་གནས་འགོ་འཛིན་དུ་བསྐོ་བཞག་བྱུང་བ་བཅས་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དགའ་བསུའི་འཚམས་འདྲི་མཚོན་བྱེད་རྡ་སར་ཡོད་པའི་དབུས་རྒྱུན་ལས་ཟུར་ཚང་མ་ལྷན་འཛོམས་ཀྱིས་གསོལ་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས།

སྐབས་བཅུ་དྲུག་པའི་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཉིས་ལ་འཚམས་འདྲི་ཞུས་པ།

སྤྱི་ལོ་༢༠༡༦ཟླ་༦ཚེས་༣༠ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་ཨཙཱརྱཱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་སྐབས་བཅུ་དྲུག་པའི་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་སོ་སོར་འདེམས་ཐོན་བྱུང་བར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་ཚོགས་གཞོན་ཀརྨ་གཡང་གྲུབ་ཚོགས་ཟུར་དགེ་ལེགས་འཇམ་དབྱངས་གསུམ་འཚམས་འདྲི་ཞུ་བར་ཆེད་བཅར་ཞུས་ཡོད།

Scroll Up