ཧོང་ཀོང་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ལའུ་ཧོན་ཤིའི་ཡང་དང་འཇལ་འཕྲད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་རྡ་སར་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཀྱི་མཐུས་མིའི་ལྷན་དུ་ཧོང་ཀོང་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ལ་འུ་ཧོན་ཤིའིཡང་དང་ཆུང་མར་འཇལ་འཕྲད་དང་ཕན་ཚུན་དགོངས་ཚུལ་བརྗེ་ལེན་བགྱིས། Meeting and sharing of opinion with Prof. LAU Hon-Shiang and his wife from Hong Kong University by National Democratic Party of Tibet with representatives of NGO’s in […]

འབར་མའི་བྱང་ཕྱོགས་ཀ་ཆེན་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད།

  སྤྱི་ལོ་ ༢༠༡༨ ཟླ་༤ ཚེས་ ༡༩ ཉིན་འབར་མའི་བྱང་ཕྱོགས་ཀ་ཆེན་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་སར་ཕེབས་ཞོར་འདི་ག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞིའི་སྐུ་ཚབ་དང་ལྷན་དུ་ཚོགས་པ་སོ་སོའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། ད་དུང་དྲི་བ་དྲི་ལན་གྱི་ཐོག་ནས་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཡང་གནང་ཡོད།

ཨ་རི་བོད་ཀྱི་ཐེབས་རྩའི་འགན་འཛིན་ལས་ཁུངས་སུ་ཆེད་ཕེབས་གནང་བ།

ཕྱི་ལོ་ ༢༠༡༨ ཟླ ༤ ཚེས་ ༡༠ ཉིན་ཀྱི་ཞོགས་པ་ཕྱག་ཚོད་ ༡༠ པའི་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཞོན་ཟུར་པ་དང་། ཨ་རིས་བོད་ཀྱི་ཐེབས་རྩའི་འགན་འཛིན་དང་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཡིག་ཚང་ནང་ཆེད་ཕེབས་ཀྱི་ཕྱག་ཚོད་གཅིག་ཙམ་རིང་ལ་དབུས་སྤྱི་ཁྱབ་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་དབུས་རྒྱུན་ལས། ལས་བྱེད་རྣམས་དང་མཉམ་དུ་ཚོགས་པའི་འདས་མ་འོངས་དུས་གསུམ་གྱི་སྐོར་ལ་ཞུགས་མོལ་གོ་སྡུར་ལྷུག་པོ་བྱུང་ཡོད།

ཧི་མ་ཅལ་མངའ་སྡེའི་ཨར་ཨེ་སི་ཚོགས་པའི་གཙོ་འཛིན་སྐུ་ཞབས་ཤུ་རི་ཨ་ཤོག་མཆོག་སྐུ་འཁོར་བཞུགས་སྒར་རྡ་སར་ཕེབས་བསུ་དང་འཚམས་འདྲི་ཞུས་ཡོད།

༄༅།། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༥ རེས་གཟའ་ཉིན་མའི་ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ཡོད་ཨར་ཨེ་སི་ཚོགས་པའི་གཙོ་འཛིན་སྐུ་ཞབས་(Shri.Ashok ) མཆོག་དང་སྐུ་འཁོར་བཅས་བཞུགས་སྒར་རྡ་སར་ཕེབས་པ་དང་བསྟུན་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ངོས་ནས། རྡ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ནང་ཉིན་གུང་ཕེབས་བསུའི་གསོལ་ཚིགས་འདེགས་འབུལ་དང་མཉམ་དུ་བོད་ཀྱི་གཞུང་འབྲེལ་མ་ཡིནཔའི་ཚོགས་པ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་ཁོང་ལ་འཚམས་འདྲི་དང་ཚོགས་པ་སོ་སོའི་ངོ་སྤྲོད་བཅས་ཞུས་གནང་ཡོད་པ་རེད།  On 25th of Feb,Shri.Ashok ji,(RSS) Sanchalak all     Himachal,RSS PRO kangra,RSS Gen.Secretary District are greeted […]

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་ཧི་མ་ཅལ་མངའ་སྡེའི་སྤྱི་ཚོགས་ཞབས་ཞུ་དང་ཟ་འབྲུའི་བློན་ཆེན་ཀིཤྣ་ཀ་པུར་མཆོག་བསྐྱར་འདེམས་བྱུང་བར་འཚམས་འདྲི་ཞུ་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༤ རེས་གཟའ་ཉི་མ་ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་དབུས་རྒྱུན་ཕྱི་འབྲེལ་འགན་འཛིན་ཚེ་རིང་དབྱངས་འཛོམས་སྤྱི་ཁྱབ་སློབ་སྟོན་པ་ཚེ་ཕྱག་ཐབ་བསྟན་སྙན་གྲགས་ལགས་བཅས་ཧི་མ་ཅལ་མངའ་སྡེའི་སྤྱི་ཚོགས་ཞབས་ཞུ་དང་ཟ་འབྲུའི་བློན་ཆེན་ཀི་ཤཎ་ཀ་པུར་ ༼Shri.Kishan Kapoor༽མཆོག་བསྐྱར་དུ་མངའ་སྡེའི་བློན་ཆེན་ལ་འོས་འདེམས་བྱུང་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་སར་རྡ་རམ་ས་ལར་ཡོད་པའི་གཟིམ་ཤག་དུ་ཆེད་བཅར་ཞུས་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་ཕེབས་ལ་འཚམས་འདྲི་ཞུས་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣༡ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་། དབུས་རྒྱུན་ཕྱི་འབྲེལ་འགན་འཛིན་ཚེ་རིང་དབྱངས་འཛོམས་དབུས་སྤྱི་ཁྱབ་སློབ་སྟོན་པ་ཚེ་ཕྱག་ཐུབ་བསྟན་སྙན་གྲགས་ལགས་བཅས་ཧི་མལ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་

སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་དབུས་གཞུང་གི་ཆེས་སྙན་གྲགས་ཆེ་བའི་པདྨ་ཤྲི་གཟེངས་རྟགས་གནང་ཡོད།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་མང་གཙོའི་དུས་དྲན་ཐེངས་ ༦༩ ཐོག། ༸གོང་ས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་བླ་སྨན་ཟུར་པ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་སྔ་བར་ཕྱི་གསུམ་དུ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་ལྷ་རྗེ་མཁས་དབང་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་དབུས་གཞུང་གི་ཆེས་སྙན་གྲགས་ཆེ་བའི་པདྨ་ཤྲི་གཟེངས་རྟགས Padma Shri གནང་ཡོད་པའི་དོན་བཟང་གནས་ཚུལ་ཐོན་ཡོད་པར་བརྟེན། 

སྤྱི་འཐུས་སྐུ་ངོ་ཐུབ་བསྟན་དབང་ཆེན་ལགས་དང་མཇལ་འཕྲད།

ཕྱི་ལོ་ 2017 ཟླ་ 7 ཚེས་ 29 རེས་གཟའ་སྤེན་པའི་དགོང་གྲོ་ཡོ་རོབ་བོད་མི་མང་སྤྱི་འཐུས་སྐུ་ངོ་ཐུབ་བསྟན་དབང་ཆེན་ལགས་ཀྱི་སྣེ་འཁྲིད་གནང་པའི་སི་པན་ནས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ 11 བཞུགས་སྒར་དུ་འཚམས་གཟིགས་ཕེབས་པ་དང་བསྟུན་རྡ་ས་ནོར་བུ་མགྲོན་ཁང་ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དང་རྒྱུན་ལས་རྣམས་ཆེད་བཅར་ཀྱི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ངོ་སྤྲོད་དང་ཁོང་རྣམས་ལ་འཚམས་འདྲི་མཇལ་དར་བཅས་ཕུལ་ཡོད། National Democratic Party of Tibet, president Tsetan Norbu, executive and staff was greeted and interact European chitue Thubten Wangchen […]

གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཤྲིབྷགྷཊ་སིངྒ་ཀོཤ་ཡ་རི། (Shri Bhagat Singh Koshyari) མཆོག་ལ་མཇལ་བཅར་ཞུས་པ།

སྤྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༠ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་མཆོག་དང་དྲུང་ཆེ་དགེ་བཤེས་ཉི་མ་རྒྱལ་མཚན་དཔལ་འབྱོར་འགན་འཛིན་དགེ་འདུན་ཚེ་འཕེལ་རྣམ་པ་གསུམ་རྒྱ་གར་ཡུ་པི་(UP)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཤྲིབྷགྷཊ་སིངྒ་ཀོཤ་ཡ་རི། (Shri Bhagat Singh Koshyari) མཆོག་ནས་ཉེ་ཆར་གྲོས་ཚོགས་ཐོག་རྒྱ་གར་མི་འབོར་དུང་ཕྱུར་བཅུ་གཉིས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་གསུངས་པ་ལ་བརྟེན་ནས་ ཁོང་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་བས་ཁོང་གིས་དེ་དོན་བོད་རང་བཙན་ཐད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པ་མ་ཟད། འདི་ལོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་རྒྱལ་ས་ལྡི་ལིར་ཚོགས་རྒྱུའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་རོགས་ཞུས་པར་དུས་ཁོམ་བྱུང་ན་སྐུ་ཉིད་ངེས་ཕེབས་ཡོང་བའི་ཞལ་བཞེས་ཐོབ་པ་བཅས་ཀྱི་གལ་ཆེའི་གནས་ཚུལ་བཟང་པོ་འདི་ཆེད་སྤེལ་ཞུ་རྒྱུ་བཅས། National Democratic Party of Tibet executive Mr. Tsetan Norbu (President), Geshe Nyima Gyaltsen ( General […]

Scroll Up