དབུས་རྒྱུན་ཁ་སྣོན།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཏུ་སྤྱི་མོས་ཀྱིས་གྲོས་ཆོད་བྱུང་དོན་གྱི་༼རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས། རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་ཚོགས་གཙོ་དང་རྒྱལ་ཡོངས་སྤྱི་ཁྱབ་རྒྱུན་ལས་མི་གྲངས་༧ནས་༡༡བར་དགོས།༽ཞེས་འཁོད་པ་ལྟར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་བདུན་ནས་བཅུ་གཅིག་བར་དགོས་གལ་བྱུང་ཚེ་འོས་ཐོབ་སྒུག་ཐོ་ནས་རྩེ་བཏོགས་ཀྱིས་དབུས་རྒྱུན་ལས་ཚོགས་འདུའི་ཐོག་ནས་བསྐོ་བཞག་ཆོག་པ་ལྟར།སྤྱི་ལོ་༢༠༡༦ཟླ་༡༠ཚེས་༡༣ཉིན། རྡ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་མཆོག་དབུས་སྤྱི་རྒྱུན་ལས་ཁང་གི་ཟུང་དྲུང་དུ་བསྐོ་བཞག་གཏན་འབེབས་བྱུང་།

སྐབས་བདུན་པའི་དབུས་རྒྱུན་གསར་འདེམས།

སྤྱི་ལོ་༢༠༡༦ཟླ་༥ཚེས་༢༤ནས་༢༦བར་བར་ཚོགས་ཆེན་ཐེངས་བདུན་པ་རྡ་སའི་ནོར་བུ་མགྲོན་ཁང་དུ་ཚོགས་པ་དང་། འོས་བསྡུའི་ལམ་ནས་སྐབས་བདུན་པའི་རྒྱུན་ལས་གསར་འདེམས་ཀྱིས་རྒྱུན་ལས་བདུན་དུ་གཏན་འཁེལ་བའོ།

Scroll Up