བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག་༼མང་གཙོ་དང་ཆིག་སྒྲིལ་༽བཞེས་པའི་བརྗོད་གཞིའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཏམ་བཤད་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་འོག་༼མང་གཙོ་དང་ཆིག་སྒྲིལ་༽བཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་ཡོད་པ་རེད།

སྦེལ་ཀོབ་ས་གནས་སེར་སྐྱ་མི་མང་ལ་༼མང་གཙོ་དང་ཆིག་སྒྲིལ་༽ ཞེས་པའི་བརྗོད་གཞིའི་ཐོག་བོད་མི་མང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་སློབ་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུས་ས་གཉིས་ཐུན་མོང་གི་གོ་སྒྲིག་འོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་དུ་གདན་ཞུས་ཐོག་༼མང་གཙོ་དང་ཆིག་སྒྲིལ་༽ ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་གཞིས་ཆགས་ཁག་གཉིས་དང་དགོན་སྡེ་གྲྭ་ཚང་ཁག  དེ་བཞིན་སློབ་གྲྭ་ཁག་བཅས་སུ་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་གནང་སར་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་ཡོད་པ་རེད། 

༸གོང་ས་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༄༅། །འཛམ་གླིང་ཞི་བའི་དེད་དཔོན་ཆེན་པོ། བོད་མིའི་བླ་ན་མེད་པའི་དབུ་ ཁྲིད། ༧གོང་ས་༧སྐྱབས་མགོན་སྐྲ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ནས་སྒོ་ གསུམ་ལྷ་ཕྱག་གྲངས་མེད་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ ལེགས་ཞུ་བཞིན་ཡོད།

བོད་ཀྱི་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པ་དྷ་སར་འཚོགས་གཏན་ཁེལ་ཡོད།

བོད་ཀྱི་ཐེབས་རྩའི་མཐུན་འགྱུར་གནང་བ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་༼འབྱུང་འགྱུར་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པ་༽དེ་བཞིན་འདི་ལོ། ཕྱི་ལོ་༢༠༡༨ ཟླ་༦ ཚེས་༢༠ ནས་༢༣བར་ཉིན་གྲངས་བཞིའི་རིང་ལ་བཞུགས་སྒར་དྷ་རམ་ས་ལར་ཚོགས་གཏན་ཁེལ་ཡོད། 

ཨ་རུ་ན་ཅྰལ་མངའ་སྡེའི་ནང་གི་ཡུལ་མི་བོད་དོན་ལས་འགུལ་བ་དྷ་སར་འབྱོར་ཡོད།

༄༅། ། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༠ ཉིན། ཨ་རུ་ན་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་རིན་ཆེན་མཁའ་འགྲོ (R.K.Khrimey) མཆོག་དང་། རྟ་དབང་དགོན་པའི་མཁན་ཟུར་གུ་རུ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་འཁྲིད་པའི་ཨ་རུ་ན་ཅྰལ་མངའ་སྡེའི་ནང་གི་ཡུལ་མི་ ༤༥ ཙམ་གྱིས་བོད་དོན་བདེན་མཐའ་གསལ་ཆེད་དུ་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་དང་། 

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་ཀང་ར་རྫོང་དཔོན་དང་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་ཁྱབ་པ་གཉིས་ནས་ལས་ཁུར་གསར་བཞེས་གནང་པར་འཚམས་འདྲི་ཞུས་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ཡོངས་མང༌གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་། དབུས་རྒྱུན་ཕྱི་འབྲེལ་འགན་འཛིན་ཚེ་རིང་ དབྱངས་འཛོམས།   སྤྱི་ཁྱབ་སློབ་སྟོན་པ་ཐུབ་བསྟན་སྙན་གྲགས་ལགས་བཅས༌ཀང༌ར༌རྫོང༌ཉེན༌རྟོགས༌ལས་ཁུངས་ཀྱི་ སྤྱི༌ཁྱབ༌དཔོན༌

ཡིད་སྐྱོའི་གནས་ཚུལ།

ཕྱི་ལོ་༢༠༡༨ ཟླ་བ་༠༡ ཚེས་༡༤ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་དགེ་བཤེས་སྤུ་རྒྱལ་བ་ཉི་མ་རྒྱལ་མཚན་མཆོག་ཡུན༌རིང༌སྙུང༌གཞི༌རྐྱེན༌པའི་དགོངས༌པ་བོན་དབྱིངས་སུ་སྐུ་གཤེགས་པའི་ཡིད་སྐྱོའི་ཚུལ་ཐོན་ཡོད་པ་རེད།

ཇོ་ནང་གི་བགྲོ་གླེང་དང་ཚོགས་ཆེན་ཐེངས་དགུ་པ།

༄༅། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༥  ཉིན་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་བ་ཇོ་ནང་པའི་སྔོན་གྱི་བྱུང་རབས་དང་། ད་ལྟའི་གནས་བབ་གླེང་བ་ཞེས་པའི་བརྗོད་གཞི་དང་འབྲེལ་བའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་པ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དམིགས་བསལ་སྐུ་མགྲོན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ནས་སྣང་གསལ་ཞལ་ཕྱེ་དང་སྦྲགས་མཛད་སྒོ་དབུ་འཛུགས་གནང་། དེ་ཡང་དཔལ་ལྡན་བཀའ་བློན་མཆོག་གིས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་འཚོགས་ནས་པར་སྐྲུན་ཞུས་པའི་༸གོང་ས་མཆོག་གི་བཀའ་སློབ་དེབ་ཆུང་ཞིག་ཀྱང་དབུ་འབྱེད་གནང་ཡོད།  འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ནས་དམིགས་བསལ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དཔལ་ཇོ་ནང་གི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་དང་། ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཡོང་ཐབས་སོགས་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད། ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་གནང་རྒྱུ་རེད་འདུག བགྲོ་གླེང་ལྷན་ཚོགས་ནང་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྐུ་ཚབ་དང་མཁས་དབང་། དེ་བཞིན་ཚོགས་སྡེ་ཁག་གི་སྐུ་ཚབ་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༥༠ ལྷག་མཉམ་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་མགྲོན་བརྡ་འབྱོར་དོན་བཞིན་ཉིན་དང་པོའི་མཛད་སྒོ་དང་བགྲོ་གླེང་ལ་ཆེད་བཅར་ཞུས་ཡོད།

ཧི་མ་ལ་ཡའི་དུས་སྟོན་གྱི་ཆེད་དུ།

སྤྱི་ལོ་ ༢༠༡༤ཟླ་ ༡༡ ཚེས ༡༤ ཉིན་ཧིན་བོད་མཛའ་གྲོགས་ཚོགས་པའི་ཚོགས་འདུ་ཚོགས་ཏེ། ༧སྐྱབས་མགོན་རིན་པོ་ཆེ་ལ་ནོར་ཝེའི་ཞི་བདེའི་གཟེང་རྟགས་ཕུལ་བའི་ཉིན་མོ་དང་བསྟུན་ནས་ཧིན་བོད་མཛའ་གྲོགས་ཚོགས་པས་ཧི་མ་ལ་ཡའི་དུས་སྟོན་ཞེས་པའི་མཛད་སྒོ་ཉིན་གཉིས་རིང་འཚོགས་གཏན་འཁེལ་བ་ལྟར་ཧིན་བོད་གཉིས་ཀྱི་ཚོགས་སྡེ་ཁག་གི་འཐུས་མི་ལྷན་འཛོམས་སར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་ཚོགས་འདུར་ཆེད་བཅར་ཞུས་པ་མ་ཟད་ཚེས་ ༡༧/༡༨ ཉིན་གཉིས་དུས་སྟོན་དེའི་ཆེད་ཞལ་འདེབས་སློང་དུ་མཉམ་བསྐྱོད་ཞུས་ཡོད་ལ། ཟླ་༡༡ ཚེས ༢༠ ཉིན་ ཡང་བསྐྱར་ཧིན་བོད་མཛའ་གྲོགས་ཚོགས་པའི་གོང་གསལ་གྱི་ལས་རིམ་སྐོར་ལ་ཚོགས་འདུ་ཚོགས་པར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་དང་ཕྱི་འབྲེལ་འགན་འཛིན་གཉིས་ཚོགས་བརྡ་འབྱོར་དོན་ལྟར་ཆེད་བཅར་ཞུས་ཡོད། On 14/20 of November,2017 Indo Tibetan Friendship Association with settlement officer Mr. Dawa Rinchen […]

Scroll Up