འོས་བསྡུའི་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས།

༄༅། ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་བཞིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཉི་ཤུ་རྩ་གཅིག་པའི་ཚོགས་བཅར་བར་ཕྱི་ལོ་ ༡༩༩༠ ཟླ་ ༩ ཚེས་ ༣ ཉིན། མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ལྟ་བ་འདྲ་མིན་ཡོད་པའི་ཚོགས་པ་ཟུར་འཛུགས་ཐུབ་མིན་གོ་སྡུར་དགོས་པའི་བཀའ་སློབ་རིན་པོ་ཆེ་ཕེབས་དོན།

༢༠༠༨ ལོའི་ས་བྱི་ཞི་རྒོལ་བྱུང་ནས་ལོ་༡༠ འཁོར་བར་དྲན་གསོའི་ལས་འགུལ།

ཕྱི་ལོ་ ༢༠༡༨ ཟླ་ ༨  ཚེས་ ༨ ཉིན་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་།  བོད་ཀྱི་བུད་མེད་ལྷན་ཚོགས ། བོད་རང་བཙན་སློབ་ཕྲུག་ཚོགས་པ།  བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཚོགས་པ་བཞིའི་ཐུན་མོང་གི་གོ་སྒྲིག་འོག་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ཀྱི་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་བྱུང་བ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་མིང་ཐོག་ནས་ཨོ་ལེན་པིག་རྩེད་འགྲན་འཚོགས་ནས་མི་ལོ་ ༡༠ ཧྲིལ་པོ་འཁོར་བའི་དུས་ཚིགས་རྗེས་དྲན་དང་དྲན་གསོ་མཚོན་ཆེད་དུ་རྒྱ་གར་རྒྱལ་ས་ལྡི་ལིར་རྐང་འཁོར་བསྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགོ་ཁྲིད་ཟབ་ཐེངས་ ༣ ལེགས་འགྲུབ་བྱུང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གོ་སྒྲིག་ཞུས་པའི་འབྱུང་འགྱུར་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པ་དེ་བཞིན་རྡ་སྟེངས་བོད་ཁྱིམ་ཞི་བདེ་གླེང་མོལ་ཁང་ནང་ཕྱི་ལོ་༢༠༡༨ ཟླ་༦ ཚེས་༢༠ ཉིན་ནས་༢༣ བར་ཉིན་གྲངས་༤ རིང་འཚོགས་ཡོད་པ་དང་། 

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་འདི་ལོར་སུམ་ཅུའི་དུས་དྲན་དང་ས་བྱི་ཞི་རྒོལ་གྱི་དུས་ཚིགས་གཉིས་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ ཉིན་མོ་ནི་ཕྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ཧྲིལ་པོ་ ༥༩ འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༡༤ ཉིན་མོ་ནི་ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོར་རྒྱ་དམར་གྱིས་དྲག་གནོན་བྱས་ཏེ་ལོ་ངོ་ཧྲིལ་པོ་༡༠ འཁོར་བའི་ཉིན་ཞིག་ཆགས་ཡོད་པས། འདི་ལོར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་གོང་ཞུས་དམིགས་བསལ་དུས་ཚིགས་ཁག་གཉིས་དྲན་གསོ་དང་། དུས་ཚིགས་ཁག་གཉིས་ནང་ཚེ་སྲོག་བློས་གཏོང་གནང་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་དང་བློས་གཏོང་ལ་རྗེས་དྲན་དང་། ཁོང་ཚོའི་དགོས་འདུན་དང་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དུ་ཕྱི་ཟླ་ ༣ ཚེེས་ ༡༠ […]

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པ།

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས ༡༠ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ཆུ་སྒང་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥ དེ་དབུ་བཙུགས་གནང་ཡོད་པ་དང་། སྐུ་མགྲོན་གཙོ་པོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅྭར་ཡི་ཤེས་ཕུན་ཚོགས་མཆོག་གཞུང་འབྲེལ་ཆེད་ཕེབས་གནང་ཡོད་པ་དང་། དམིགས་བསལ་སྒུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་། དབུས་གཞོན་ནུའི་སྤྱི་ཁྱབ་ཚོགས་གཞོན་རྟ་འཕྲིན་སྲིད་གཅོད་ལགས་ཀྱི་གཙོས་དབུས་རྒྱུན་ཁག་གཅིག་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་སློབ་སྟོན་པ་བློ་བཟང་ཕུན་ཚོགས་ལགས་གཞན་ཡང་ལྡི་ལི་བསམ་ཡས་གླིང་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་སྐུ་མགྲོན་དུ་ཕེབས་ཡོད་པ་དང། བོད་ཀྱི་རྒྱལ་ཡོངས་གཙོ་ཚོགས་པའི་་སགནས་ཁག་ ༣༢ ཙམ་ནས་ཁྱོན་ཚོགས་བཅར་བ་མི་གྲངས་ ༧༠ ཙམ་ཚོགས་བཅར་གནང་ཡོད།

བོད་ཀྱི་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས་འདི་ལོར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་ཀྱི་མཐོ་རིམ་སློབ་མ་ཁག་ལ་༼མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་༽ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་སྐྱ་མགྲོན་ཁང་དུ་སྤྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་རིང་ཚོགས་གཏན་ཁེལ་བ་ལགས་ན་དེ་ལུགས་སུ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་མ་རྣམ་པ་ངེས་པར་དུ་མཉམ་ཞུགས་གནང་རོགས་ཞུ་རྒྱུ་དང་། ཟབ་སྦྱོང་ལ་ཡོང་མཁན་མཐོ་སློབ་རྣམ་པར་ལམ་གྲོན་དང་བཞུགས་སའི་མགྲོན་ཁང་ཞལ་ལག་བཅས་ཆ་ཚང་གོ་སྒྲིག་ཡོད་ཞུ་རྒྱུ་དང་། ཟབ་སྦྱོང་ལ་མཉམ་ཞུགས་གནང་འདོད་ཡོད་རིགས་གཤམ་གསལ་མྱུར་འཕྲིན་དང་ཁ་པར་བརྒྱུད་ནས་ལས་ཁུངས་ལ་འབྲེལ་བ་གནང་རོགས། ཟབ་སྦྱོང་ལ་མཐོ་རིམ་སློབ་མ་གྲངས་༣༠མ་གཏོགས་གོ་སྐབས་ཕུལ་ཐུབ་ཀྱི་མེད་སྟབས། མཐོ་སློབ་སུ་ཞིག་ཟབ་སྦྱོང་ལ་ཞུགས་རྒྱུར་སྤྱི་ཟླ་ ༦ པའི་ཚེས་ ༡༥ ཚུན་དུ་ཐོ་འགོད་ཟིན་པ་དགོས་ལ་དེ་ཡང་མི་གྲངས་༣༠ལས་བརྒལ་བར་ཐོ་འགོད་བྱེད་མཁན་བྱུང་ཚེ་བྱུང་རིམ་སྔ་ཕྱི་ལྟར་འགོད་རྒྱུ་ལགས་ན་དེ་ལུགས་གང་མགྱོགས་སུ་ཐོ་འགོད་གནང་རྒྱུ་གལ་ཆེ། དེ་ནས་ཞིབ་ཕྲའི་ལས་རིམ་ཁག་སོ་སོར་རིམ་བཞིན་འབུལ་སྤྲོད་ཆོག་པ་ཞུ་རྒྱུ་བཅས།

སྦིར་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་གསར་བཙུག

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢ ཉིན་སྦིར་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་ཡན་ལག་གསར་བཙུག་ཐུབ་པ་བྱུང་ཡོད། དེ་ཡང་གོང་ཚེས་ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་དང་། དྲུང་ཆེ་དགེ་བཤེས་ཉི་མ་རྒྱལ་མཚན་དབུས་རྒྱུན་དཔལ་འབྱོར་འགན་འཛིན་དགེ་འདུན་ཚེ་འཕེལ་ལགས་ས་གནས་སུ་ཆེད་བཅར་ཀྱིས་སྦི་ས་གནས་གྲོགས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་ས་གནས་འགོ་འཛིན་དྲུང་ཆེ་ལི་ལི་གྲོང་སྡེའི་ཚོགས་གཙོ་དབུ་ཞུགས་ཐོག་གསར་བཞུགས་ཚོགས་མི་༢༢ མཉམ་འཛོམས་ཐོག་སྐབས་དང་པོའི་སྦིར་ས་གནས་རྒྱུན་ལས་ལྔ་འོས་བསྡུའི་ལམ་ནས་འདམས་ཐོན་བྱུང་ཡོད་པ་དང་ཚོགས་གཙོ་ཨོ་རྒྱན་བསྟན་འཕེལ་ལགས་གཏན་འཁེལ་བྱུང་ཡོད།

གསུམ་བཅུའི་དུས་དྲན་ཐེངས་༥༨པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་སྲུང་བརྩི་ཞུས་པ།

གསུམ་བཅུའི་དུས་དྲན་ཐེངས་ ༥༨ དེ་བཞིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་གཞུང་འབྲེལ་མཛད་སྒོ་གྲོལ་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡི་གོ་སྒྲིག་འོག་རྡ་ཤོད་ཀ་ཅལ་རི་བར་མི་མང་སྟོང་ཕྲག་མང་པོ་མཉམ་ཞུགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གྱི་འབོད་སྒྲ་སྒྲོག་བཞིན་ཐ་མ་ཉིན་རྒྱབ་ཆུ་ཚོད་ ༢ ཡོལ་ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་འཛུགས་གཏམ་བཤད་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དབྱིན་སྐད་ཐོག་ནས་བསྒྲགས་གཏམ་སྒྲོག་སྦྱོང་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་བོད་སྐད་ཐོག་ནས་བསྒྲགས་གཏམ་བསྒྲགས་ཤིང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཧིན་སྐད་ཐོག་ནས་བསྒྲགས་གཏམ་བསྒྲགས་པ་དང་བོད་ཀྱི་བུད་མེད་་ཚོགས་པས་མཛད་སྒོ་གཙོ་སྐྱོང་གནང་བ་བཅས་ཀྱི་ལས་འགུལ་ཧ་ཅང་ཚགས་ཚུད་བྱུང་ཡོད་པའི་གནས་ཚུལ་བཅས་ཏེ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

“བོད་དང་བོད་མི། དཀའ་ངལ་དང་གདོང་ལེན་”ཞེས་པའི་བགྲོ་གླེང་ཚོགས་འདུར་བཅར་བ།

སྤྱི་ལོ་༢༠༡༦ཟླ་༡༠ཚེས་༡༨ནས་༢༩བར་ཉིན་གསུམ་རིང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག རྡ་སའི་ཉེ་འཁྲིས་སུ་ཡོད་པའི་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ་“བོད་དང་བོད་མི། དཀའ་ངལ་དང་གདོང་ལེན་”ཞེས་པའི་བརྗོད་གཞིའི་ཐོག་གི་བགྲོ་གླེང་ཚོགས་འདུའི་མགྲོན་ཤོག་འབྱོར་བ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་དགེ་བཤེས་ཉི་མ་རྒྱལ་མཚན་ཚོགས་བཅར་ཞུས།  ཚོགས་འདུ་དེའི་དབུ་འཛུགས་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་དང་། དམིགས་བསལ་སྐུ་མགྲོན་རྒྱ་ནག་གི་སྲིད་ཇུས་ཉམས་ཞིབ་པ་རྒྱ་གར་བ་སྐུ་ཞབས་ཇ་ཡ་ དེ་བ་ ར་ན་ ཌེ། སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་བཅས་ཀྱིས་དབུས། རྒྱ་གར་གྱི་ས་གནས་ཁག་ནས་ཕེབས་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པ་གཏམ་བཤད་བྱེད་མཁན་༢༩ ཐེ་བའི་ཁྱོན་ཚོགས་བཅར་བ་མི་༦༠ ཡས་མས་འཛོམས་ཡོད་པ་རེད།

Scroll Up