དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གསར་པའི་མཛད་ཁུར་བཞེས་པར་འཚམས་འདྲི་ཞུས།

༄༅།  །སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་བྱང་སྟོད་རུ་ཐོག་པདྨ་འབྱུང་གནས་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཞབས་སྟེགས་དམ་འབུལ་ཉིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དང་དབུས་རྒྱུན་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ངོ་ཚོགས་གཙོའི་ལས་ཁུངས་སུ་ཆེད་བཅར་གྱིས་འཚམས་འདྲི་བཀྲིས་བདེ་ལེགས་ཀྱི་མཇལ་དར་འདེགས་འབུལ་ཞུས་པ་དང་ཆབས་ཅིག་སྐུ་ངོ་མཆོག་མ་འོངས་པའི་ཕྱག་ལས་ཐུགས་འགན་བཞེས་པའི་རིང་ཕྱི་ནང་མཛད་དོན་ཁག་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢ ཉིན་ལ།