བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ཕྱི་ལོ་༢༠༡༨ ཟླ་ ༩ ཚེས་ ༡༧ ཉིན་བཞུགས་སྒར་རྡ་རམ་ས་ལ་ཀེ་ལབ་ཧོའོ་སི་ནང་༼ བཙན་བྱོལ་བོད་མིའི་འོས་བསྔུའི་སྒྲིག་གཞི་བསྐྱར་བཅོས་དང་མང་ཚོགས་ཀྱི་འཆར་སྣང་༽ བཞེས་པའི་བརྗོད་གཞིའི་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ལྷན་དུ་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། ཐོག་མ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་གཙོ་སྐྱོང་དང་སྦྲགས་བགྲོ་གླེང་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་གནང་། ཐེངས་འདིའི་གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལས་རིམ་ཡོད་པས། དེའི་ཐོག་མི་མང་གི་བསམ་ཚུལ་འདོན་དགོས་པ་དང་། དེ་སྔ་བར་དུ་འོས་བསྡུའི་སྒྲིག་གཞི་དེའི་འོག་འོས་ཤོག་འཕངས་ནས་འགྲིག་ཡོད་པ་རེད་ལ། རྙོག་གླེང་ཡོང་བ་སྒྲིག་གཞིའི་སྐྱོན་མ་ཡིན་པར། མིའི་སྐྱོན་ཡིན་སྐོར་དང་། འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་རྒྱུ་གལ་ཆེར་ཡིན་པ་དང་། གལ་ཏེ་འོས་བསྡུ་གཅིག་ལས་དགོས་ཀྱི་མེད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་སྲིད་དོན་ཚོགས་པའི་ལམ་ལུགས་ལག་བསྟར་དགོས་སྐོར་གསུངས་སོང་།

བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་
བོད་ཀྱི་གཞོན་ནུ་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་
ནས། འོས་བསྡུའི་ཐོག་མི་མང་གི་བསམ་ཚུ
ལ་དང་མཉམ་ཞུགས་སྐྱོ་པོ་འདུག མང་གཙོའི་ནང་མི་མང་གལ་ཆེ་ཤོས་
དང་དབང་ཆ་ཆེ་ཤོས་ཡིན་པས་གཙོ་བོ་
མི་མང་མཉམ་ཞུགས་བྱེད་རྒྱུ་གལ་ཆེ
་སྐོར་དང་། ཆོལ་ཁོངས་ནས་སྤྱི་འཐུས་འོས་
འཕངས་ཏེ་འཐེན་འཁྱེར་རྙོག་གླེང་
ཡོང་གི་ཡོད་ན། སྲིད་སྐྱོང་ལ་འཐེན་འཁྱེར་རྙོག་
གླེང་ཡོང་མི་དགོས་པ་འདྲ་ཡིན་དུ
ས་དེའི་ཐོག་བསམ་བློ་གཏོང་དགོས་
སྐོར། ཆོལ་ཁའི་སྤྱི་འཐུས་ཡོད་ཐོག་བཙན་
བྱོལ་ནང་གི་ས་གནས་མི་འབོར་ལ་
དཔག་པའི་སྤྱི་འཐུས་དགོས་པ་དང་། གཞོན་ལྷན་གྱི་ངོས་ནས་སྲིད་སྤྱི་
གཉིས་ཀྱི་འོས་བསྡུའི་དུས་ཚེས་ལོ
གས་སུ་ཡོད་ན་ཡག་པོ་ཡོད་སྐོར་གསུ
ངས་སོང་།

དབུས་གཙང་ཆོལ་ཁའི་དབུས་རྒྱུན་ཚེ
་རིང་ཐག་གཅོད་ལགས་ནས། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་
སྔོན་འགྲོ་དང་དངོས་གཞི་གཉིས་ཀ་
དགོས་ཀྱི་ཡོད་པ་དང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དུ
ས་གཅིག་ལ་ཁེལ་དགོས་པ། མི་མང་གི་བསམ་ཚུལ་ཡར་ཕུལ་བ་གོང་
རིམ་ནས་ལག་བསྟར་བྱེད་མིན་ལ་ཐེ་
ཚོམ་ཡོད་སྐོར་དང་། གང་ལྟར་བསམ་ཚུལ་གང་མང་ཕུལ་དགོས་
སྐོར། ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོ
ས་པ་བཟོས་ན་ཡག་པོ་ཡོད་སྐོར་ཡང་
གསུངས་སོང་། དེ་བཞིན་ཁོང་གིས། ཆོལ་ཁོངས་ནས་སྤྱི་འཐུས་ཡོང་དགོ
ས་ནའང་། འོས་དེ་མི་མང་ཚང་མས་འཕེན་དགོས་
པ་དང་། གཞིས་ཆགས་ས་གནས་ཀྱི་འཐུས་མི་དང་
། བོད་ཀྱི་རིག་གནས་ཆེ་བ་ཁག་གི་སྐུ
་ཚབ་འཐུས་མི་འདེམས་ཐུབ་ན་ཡག་པོ་
ཡོད་སྐོར་གསུངས་སོང་། བུད་མེད་ཚོགས་པའི་ཚོགས་གཞོན་སྐ
ལ་བཟང་གཡུ་སྒྲོན་ལགས་ནས། འོས་བསྡུའི་སྔོན་འགྲོ་དང་དངོས་
གཞི་གཉིས་ཀ་དགོས་པ་དང་། སྔོན་འགྲོ་དང་དངོས་གཞིའི་བར་སྟོ
ང་ཟླ་བ་གསུམ་ལས་མ་མང་བ་དགོས་པ་
དང་། འོས་མི་༧གོང་ས་མཆོག་གི་བཀའ་དགོ
ངས་དང་མ་འགལ་བ་དགོས་སྐོར་སོགས་
གསུངས་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་
བསྟན་འཛིན་གྲགས་ལགས་ནས། ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་
ཡོད་ན་འདེམས་ཀ་ཡག་པ་རག་རྒྱུ་ཡི
ན་པ་དང་། འོས་བསྡུའི་འགྲོ་ལུགས་མི་མང་ནང་
ཟབ་སྦྱོང་མང་པོ་སྤྲོད་ཐུབ་དགོས་
པ། ང་ཚོས་གཞིས་ལུས་མི་མང་གི་ཆེད་དུ
་ཡིན་ཟེར་གྱི་ཡོད་ན། བཙན་བྱོལ་ནང་གི་རྙོག་གླེང་བཤད་
མ་བསྡད་པར་འཐབ་རྩོད་ཐོག་གཙོ་བོ་
དམིགས་ཐུབ་མཁན་འདེབས་དགོས་སྐོར། དེ་བཞིན་དབུ་མའི་ལམ་གྱི་སྲིད་ཇུ
ས་འཛིན་མཁན་དང་རང་བཙན་རྩོད་མཁན་
གཉིས་ཀར་གོ་སྐབས་འདྲ་མཉམ་སྤྲོད་
དགོས་སྐོར་གསུངས་སོང་། དེ་བཞིན་ཁོང་གིས། ས་གནས་གཞིས་ཆགས་ནས་སྐུ་ཚབ་སྤྱི་
འཐུས་ཡོད་ན། རྒྱལ་ཁབ་གཞན་པ་ནང་བཞིན་ས་གནས་སུ
་དམིགས་བསལ་ལས་ཀ་བྱེད་ཀྱི་མེད་
སྐོར་གསུངས་སོང་། གཏམ་བཤད་པ་མགྲོན་འབོད་བྱས་པའི་
ནང་ནས་དགུ་བཅུ་གསུམ་ལས་འགུལ་ཚོ
གས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་
དང་མདོ་སྨད་ཆོལ་ཁའི་དབུས་རྒྱུན་
དྲུང་ཆེ་བསམ་བསྟན་གཉིས་ཀྱིས་དམི
གས་བསལ་གཏམ་བཤད་གང་ཡང་གནང་མེད་
པ་རེད།།