བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་ཕྱི་འབྲེལ་འགན་འཛིན་གཉིས་ཀུ་ལི་མི་ན་ལེ་ས་གནས་སུ་འཚམས་གཟིགས་ལ་ཕེབས་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་དང་ཕྱི་འབྲེལ་འགན་འཛིན་ཚེ་རིང་གཡང་འཛོམས་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༥ ཉིན་ནས་ཚེས་༢༧ བར་ཀུ་ལི་མི་ན་ལེ་ས་གནས་སུ་འཚམས་གཟིགས་ལ་ཆེད་ཕེབས་གནང་ཡོད།  སྐབས་དེར་ཀུ་ལི་མི་ན་ལེ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་རྒྱུན་ལས་དང་།  དབུས་རྒྱུན་ཟུར་པ་སྤུ་ཧྲིང་དཔལ་འབྱོར་ལགས་བཅས་ནས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་གནང་ཡོད།   ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པ་ཀུ་ལི་མི་ན་ལེ་ས་གནས་མི་མང་ཚོགས་ཁང་ནང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་མི་རྣམ་བསྡུ་བསྐོང་གི་ཚོགས་པའི་ངོ་སྤྲོད་དང་ལས་དོན་བྱེད་ཕྱོགས་སྐོར་ལ་དབུས་སྤྱི་ཁྱབ་ཚོགས་གཙོ་མཆོག་གིས་གཏམ་བཤད་གནང་ཡོད།
The National Democratic Party Of Tibet President Tsetan Norbu and International Secretary Tsering Yangzom official visit at Kullu Manali regional chapter of National Democratic Party Of Tibet on 25/06/2018 -26/06/2018