བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགོ་ཁྲིད་ཟབ་ཐེངས་ ༣ ལེགས་འགྲུབ་བྱུང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གོ་སྒྲིག་ཞུས་པའི་འབྱུང་འགྱུར་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པ་དེ་བཞིན་རྡ་སྟེངས་བོད་ཁྱིམ་ཞི་བདེ་གླེང་མོལ་ཁང་ནང་ཕྱི་ལོ་༢༠༡༨ ཟླ་༦ ཚེས་༢༠ ཉིན་ནས་༢༣ བར་ཉིན་གྲངས་༤ རིང་འཚོགས་ཡོད་པ་དང་།  དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་པོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་ནས་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་དང་འབྲེལ་བའི་ཐོག་བཀའ་སློབ་ལམ་སྟོན་གནང་ཡོད།    བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་ཞུས་པའི་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པ་ཉིན་གྲངས་བཞིའི་རིང་ཉིན་དང་པོའི་མཛད་སྒོའི་སྐུ་མགྲོན་གཙོ་པོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཟབ་སྦྱོང་འཇུགས་བསྡོམ་མཛད་སྒོར་སྐུ་མགྲོན་གཙོ་པོ་ཨ་རིས་བོད་ཀྱི་ཐེབས་རྩའི་རྒྱ་གར་འགན་འཛིན་སྐུ་གཞོན་ཤེས་རབས་འོད་ཟེར་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་འཕྲིན་སྲིད་གཅོད་ལགས་གཉིས་ཆེད་ཕེབས་ཀྱི་ཟབ་སྦྱོང་ལ་མཉམ་བཞུགས་གནང་མཁན་སློབ་ཕྲུག་རྣམ་ལ་ཕྱག་འཁྱེར་ཕུལ་བ་བཅས་ཟབ་སྦྱོང་ལེགས་གྲུབ་བྱུང་ཡོད།
National Democratic Party Of Tibet’s 3rd Leadership Training for the upcoming youth leaders was completed on 23rd of June-2018 with the chief guest Mr. Sherab Woeser the Vice President of the Tibet Fund based in Dharamshala and special guest Mr. Tamding Hrichoe the Vice President of Tibetan Youth Congress.