དཔལ་འབྱོར་འདུ་འགོད་གྱི་ལས་དོན་ལེགས་འགྲུབ་བྱུང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དཔལ་འབྱོར་འདུ་འགོད་ཆེད་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་དངུལ་གཉེར་སྐལ་བཟང་བདེ་སྐྱིད་གཉིས་བལ་ཡུལ་དུ་ཆེད་ཕེབས་གནང་ཡོད།    དུས་ཐུང་ནང་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་ལེགས་འགྲུབ་བྱུང་ནས་བཞུགས་སྒར་རྡ་རམ་ས་ལར་བདེ་འབྱོར་བྱུང་ཡོད། ཐེངས་འདིའི་དཔལ་འབྱོར་འདུ་འགོད་གྱི་ལས་གཞིའི་ཐོག་རྒྱབ་སྐྱོར་རོགས་རམ་གནང་མཁན་བལ་ཡུལ་གནས་བཞུགས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་རྒྱུན་ལས་རྣམས་པ་གཙོས་འབྲེལ་ཡོད་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་ཡིན།