བོད་ཀྱི་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པ་དྷ་སར་འཚོགས་གཏན་ཁེལ་ཡོད།

བོད་ཀྱི་ཐེབས་རྩའི་མཐུན་འགྱུར་གནང་བ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་༼འབྱུང་འགྱུར་མི་རབས་གསར་པའི་འགོ་ཁྲིད་ཟབ་སྦྱོང་ཐེངས་གསུམ་པ་༽དེ་བཞིན་འདི་ལོ། ཕྱི་ལོ་༢༠༡༨ ཟླ་༦ ཚེས་༢༠ ནས་༢༣བར་ཉིན་གྲངས་བཞིའི་རིང་ལ་བཞུགས་སྒར་དྷ་རམ་ས་ལར་ཚོགས་གཏན་ཁེལ་ཡོད།  དེ་ཡང་ཟབ་སྦྱོང་ནང་འཛུལ་བཞུགས་གནང་མཁན་མཐོ་རིམ་སློབ་མའི་སློབ་ཕྲུག་རྣམ་གཤམ་གསལ་ཚོགས་པའི་མྱུར་འཕྲིན་དང་ཁ་པར་ཨང་གྲངས་གང་རུང་ཐོག་འབྲེལ་གཏུག་གནང་རོགས་ཞུ་རྒྱུ་མ་ཟད་ཞིབ་ཕྲའི་གནས་ཚུལ་ཟུར་འབུལ་ཞུ་འཆར་དང་འབྱོར་ཐོ་སྔོན་རིམ་བཞིན་ཐོ་བཀོད་བྱེད་རྒྱུ་ལགས་ན་དེ་དོན་དགོངས་འཇག་ཞུ།

We are pleased to announce that Central National Democratic Party of Tibet is organizing 3rd Training of Youth Leadership Capacity Building at Dharamsala from June 20 to 23, 2018 for four days under the patronage of Tibet Fund. All the northern Colleges and University’s interested students can enroll themselves by sending Email or giving a call on below given numbers during office Hours. Please note: Seats are limited to 45. It is first come first serve. Further detail information will be followed.