འབར་མའི་བྱང་ཕྱོགས་ཀ་ཆེན་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད།

སྤྱི་ལོ་ ༢༠༡༨ ཟླ་༤ ཚེས་ ༡༩ ཉིན་འབར་མའི་བྱང་ཕྱོགས་ཀ་ཆེན་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་སར་ཕེབས་ཞོར་འདི་ག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཞིའི་སྐུ་ཚབ་དང་ལྷན་དུ་ཚོགས་པ་སོ་སོའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་གནང་བ་མ་ཟད། ད་དུང་དྲི་བ་དྲི་ལན་གྱི་ཐོག་ནས་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་ཡང་གནང་ཡོད།