ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ལ་འཚམས་འདྲི་ཞུས་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གངས་ཅན་སྐྱིད་ཤོང་ཚོགས་ཁང་གསར་པའི་ནང་ཨ་རི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨིལ་ལི་ན་རའོ་སི་མཆོག་དང་ལྕམ་སྐུ་ཁེ་ལའོ་ཌི་ཡ་ཊེ་ནི་མཆོག་རྣམ་གཉིས་ཨ་རིའི་གཞུང་འབྲེལ་འཚམས་་གཟིགས་སུ་ཕེབས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་དང་།   སྐབས་དེར་ཁོང་རྣམ་གཉིས་སར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་ཚོགས་གཙོ་མཆོག་དང་ཕྱི་འབྲེལ་འགན་འཛིན་གཉིས་ཆེད་བཅར་གྱི་འཚམས་འདྲིའི་མཇལ་དར་བསྒྲོན་འབུལ་དང་འབྲེལ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ངོ་སྤྲོད་བྱས་ཡོད་པ་རེད།
National Democratic Party of Tibet along with other major Tibetan NGOs warm welcome to USA Congressional delegation led by long time Tibet supporters representatives Ileana Ros-Lehtinen and
Representative Claudia Tenney for three days visit in Dharamshala.