ཨ་རུ་ན་ཅྰལ་མངའ་སྡེའི་ནང་གི་ཡུལ་མི་བོད་དོན་ལས་འགུལ་བ་དྷ་སར་འབྱོར་ཡོད།

༄༅། ། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༠ ཉིན། ཨ་རུ་ན་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་རིན་ཆེན་མཁའ་འགྲོ (R.K.Khrimey) མཆོག་དང་། རྟ་དབང་དགོན་པའི་མཁན་ཟུར་གུ་རུ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་འཁྲིད་པའི་ཨ་རུ་ན་ཅྰལ་མངའ་སྡེའི་ནང་གི་ཡུལ་མི་ ༤༥ ཙམ་གྱིས་བོད་དོན་བདེན་མཐའ་གསལ་ཆེད་དུ་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་དང་།  ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༧ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ནོར་གླིང་གཟིམ་ཆུང་ནས་བྱེས་ཡུལ་དུ་བྲོས་བྱོལ་ཕེབས་པའི་ཉིན་མོར་དྲན་གསོའི་ཆེད་ལས་འགུལ་ཞིག་ཨ་རུ་ན་ཅྰལ་ས་གནས་ནས་འགོ་འཛུགས་ཀྱིས་དེ་རིང་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་གྱི་ཞོགས་པའི་ཚོུད་ ༡༠ པ་ཡོལ་ཙམ་ལ་བཞུགས་སྒར་དྷ་སར་ཕེབས་འབྱོར་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། རྡ་ས་ས་གནས་འགོ་འཛིན་གཙོས་གཞུང་འབྲེལ་སྡེ་ཚན་ཁག་གི་ལས་བྱེད་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་ངོས་ནས་ཀྱང་ཕེབས་བསུའི་སྣེ་ལེན་དང་མཇལ་དར་བསྒྲོན་འབུལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་དང་འབྲེལ་ཚོགས་པ་སོ་སོའི་ངོ་སྤྲོད་ཟབ་རྒྱས་ཞུས་གནང་ཡོད་པ་རེད།།
National Democratic Party of Tibet Central Executives and staffs warm welcomed the participants of ‘Padyatra’ to Dharamshala this morning. After which the 5 Tibetan Major NGOs in Dharamshala organized a special Tea Reception for them at TYC head Office. The Padyatra participants comprise of all Tibet supporters who started this march from Tawang on March 17, and ended in Tezpur on March 27. We extend to thank the participants, the organizers and everyone involved in this campaign to highlight the issue of Tibet and their dedication and commitment to support for the Tibet cause. Free Tibet…!!