བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་ཧི་མ་ཅལ་མངའ་སྡེའི་སྤྱི་ཚོགས་ཞབས་ཞུ་དང་ཟ་འབྲུའི་བློན་ཆེན་ཀིཤྣ་ཀ་པུར་མཆོག་བསྐྱར་འདེམས་བྱུང་བར་འཚམས་འདྲི་ཞུ་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༤ རེས་གཟའ་ཉི་མ་ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་དབུས་རྒྱུན་ཕྱི་འབྲེལ་འགན་འཛིན་ཚེ་རིང་དབྱངས་འཛོམས་སྤྱི་ཁྱབ་སློབ་སྟོན་པ་ཚེ་ཕྱག་ཐབ་བསྟན་སྙན་གྲགས་ལགས་བཅས་ཧི་མ་ཅལ་མངའ་སྡེའི་སྤྱི་ཚོགས་ཞབས་ཞུ་དང་ཟ་འབྲུའི་བློན་ཆེན་ཀི་ཤཎ་ཀ་པུར་ ༼Shri.Kishan Kapoor༽མཆོག་བསྐྱར་དུ་མངའ་སྡེའི་བློན་ཆེན་ལ་འོས་འདེམས་བྱུང་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་སར་རྡ་རམ་ས་ལར་ཡོད་པའི་གཟིམ་ཤག་དུ་ཆེད་བཅར་ཞུས་ཡོད།དེ་ཡང་ཁོང་ལ་མཇལ་དར་ཉིན་མོ་བདེ་ལེགས་ཀྱི་སྣེ་དྲང་ནས། ཚོགས་པའི་ངོ་སྤྲོད་དུས་དེབ་གཅིག་དང་།  ༧གོང་ས་མཆོག་གི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དབྱིན་ཡིག་ཕྱག་དེབ་གཅིག་བཅས་འབུལ་ལམ་ཞུས་གནང་བ་དང་འབྲེལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོ་བོ་དང་དམིགས་ཡུལ། ད་ལྟའི་འཛིན་སྐྱོང་བྱེད་ཕྱོགས་བཅས་ངོ་སྤྲོད་དང་འབྲེལ་ཕན་ཚུན་གསུང་གླེང་ཞིབ་ལྷུག་བྱུང་ཡོད། 04/02/2018 we the National Democratic Party of Tibet Central President Mr.Tsetan Norbu and Executive International Secretary Miss.Tsering Yangzom with NDPT’s advisor Tsecha Thupten Nyedak visit Shri.Kishan Kapoor’s residence to congratulate the re-elected Minister for Food,Civil Supply and Consumer with traditional scarf,one of the His Holiness the Dalai Lama’s book ( My Land and My People)and NDPT’s brochure, annual magazine. We thank the great support for Tibetans here in Himachal Pradesh and also thank you India for this profounded hospitality from the Govt.of India.Thank you India.