སྐུའི་བླ་སྨན་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་དབུས་གཞུང་གི་ཆེས་སྙན་གྲགས་ཆེ་བའི་པདྨ་ཤྲི་གཟེངས་རྟགས་གནང་ཡོད།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་མང་གཙོའི་དུས་དྲན་ཐེངས་ ༦༩ ཐོག། ༸གོང་ས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་བླ་སྨན་ཟུར་པ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་སྔ་བར་ཕྱི་གསུམ་དུ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་ལྷ་རྗེ་མཁས་དབང་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་དབུས་གཞུང་གི་ཆེས་སྙན་གྲགས་ཆེ་བའི་པདྨ་ཤྲི་གཟེངས་རྟགས Padma Shri གནང་ཡོད་པའི་དོན་བཟང་གནས་ཚུལ་ཐོན་ཡོད་པར་བརྟེན།   ཕྱི་ཚེས་༢༧ ཉིན་གྱི་སྔ་དྲོ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དང་།  ཕྱི་འདྲེལ་འགན་འཛིན་གཉིས་ཁོང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བར་ཆེད་བཅར་ཞུས་གནང་ཡོད།

The office of National Democratic Party of Tibet congratulate former personal physician of HH the Dalai Lama  proffessor ven. Dr.Yeshi Dhonden on his auspicious receiving prestigious award Parma Shri Award 2018 from the Govt. of India.He is forever very grateful toward our organisation in many ways. He deserved it and it is our pride to have such a Dr.though he is  (93) years old.Still he is taking care of many people. We are very proud of his remarkable  PADMA Shri award recieved from Govt.of India as a Tibetan.We National  Democratic Party of Tibet visit his resident to congradulate him…