སྲིད་སྤྱིའི་འོས་བསྡུ།

ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༣།

ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མི་དང་མི་མང་སྤྱི་འཐུས་ཀྱི་འོས་མི།

༄༅། །བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་བཞིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང།   ཚོགས་པ་འདིའི་ད་བར་མི་ལོ་ ༢༠ ལྷག་ཙམ་རིང་བོད་ཀྱི་མང་གཙོའི་འཕེལ་རིམ་གྱིས་གཙོས་བོད་དོན་ཆེ་འབྲིང་ཆུང་གསུམ་ལ་གདོང་ལེན་འགན་ཁུར་དང།  བོད་ཀྱི་མང་གཙོ་དང་འབྲེལ་བའི་ལས་དོན་ཐད་རང་ནུས་ལ་དཔག་པའི་ལས་འགུལ་ཇེ་སྙེད་ཅིག་སྤེལ་ཡོད་པའི་ནང་ནས།     མང་གཙོའི་ཕེལ་རིམ་ནང་གལ་ཆེ་ཤོས་ནི་མི་མང་གི་དབུ་ཁྲིད་མི་མང་གིས་འོས་འདེམས་བྱེད་རྒྱུ་དེ་ཡིན་པར་བརྟེན། བོད་མི་མང་སྤྱི་འཐུས་སྐབས་ ༡༢ ནས་ ༡༥ བར་དང་།        མི་མང་གི་ཐད་ཀར་འོས་འདེམས་བྱེས་པའི་བཀའ་བློན་ཁྲི་བ་སྐབས་དང་པོ་དང།        གཉིས་པ་གསུམ་པ་བཅས་ཀྱི་འོས་མི་དྲག་འདེམས་ཀྱི་མི་མང་ལ་ཆབ་སྲིད་གོ་གཏོགས་སྤེལ་རེས་ཀྱི་མི་མང་ལ་ཆབ་སྲིད་གོ་གཏོགས་སྤེལ་ཆེད། དྲིལ་བསྒྲགས་དང།  སྦྱར་ཡིག  མི་མང་འདུ་འཛོམ་ཀྱི་བགྲོ་གླེང་སོགས་མང་ཚོགས་ལ་ཆབ་སྲིད་གོ་གཏོགས་སྤེལ་རེ་ཀྱི་སྤྱི་དོན་ལས་འགུལ་མི་སྨན་པ་ཞིག་བསྒྲུབས་དང་བསྒྲུབ་བཞིན་པ་ཞིང།

ཕྱི་ལོ་ ༢༠༡༦ ལོའི་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་འོས་མི་དང་       བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་འོས་མི་འདོན་ཕྱོགས་ཐད།     ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༥ ནས་ ༢༧ བར་སྡེ་ར་ལྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གན་འཛིན་ལྷན་ཚོགས་ཐེངས་བཞི་པ་བསྐྱངས་པའི་གྲོས་གཞི་དོན་ཚན་ ༤ གྲོས་ཆོད་དོན་ཚན་ ༣ པའི་ནང་གསལ།          སྲིད་སྐྱོང་དང།  སྤྱི་འཐུས་འོས་གཞི་དོན་ཕྱོགས་ཐད།     སྲིད་སྐྱོང་ཀྱི་འོས་མི་གསུམ་ལས་མང་བ་འོས་གཞིར་འདོན་རྒྱུ་དང།     དེ་བཞིན་ཆོལ་ཁ་རེ་ནས་སྤྱི་འཐུས་ཀྱི་འོས་གཞི་གྲངས་ཚད་བཅོ་ལྔ་ལས་མི་མང་བ་དོན་རྒྱུ།  ཞེས་པའི་སྤྱི་མོས་གྲོས་ཆོད་དགོངས་དོན་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁྱབ་ཁོངས་ཡན་ལག་ས་གནས་ཁག་ ༡༣ གིས་ས་གནས་སོ་སོའི་ཚོགས་མི་མང་ཚོགས་ནས།  སྲིད་སྐྱོང་དང་།  བོད་མི་མང་སྤྱི་འཐུས་འོས་མིའི་མཚན་གཞུང་བསྐུར་འབྱོར་བྱུང་བ་རྣམས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།  འོས་བསྡུའི་ཟུར་དཔང་གདན་ཞུ་ཐོག་སློབ་སྟོན་པ་དང།  དབུས་རྒྱུན་ལྷན་འཛོམས་ཀྱི་འོས་ཤོག་གྲངས་བཤེར་གྱིས་མང་མོས་རྩེ་ཏོགས་ཀྱི་སྲིད་སྐྱོང་འོས་མི་གཉིས་དང།     བོད་མི་མང་སྤྱི་འཐུས་འོས་མི་གྲངས་ ༣༤ ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཐ་མའི་འོས་མིར་གཏན་ཁེལ་བྱུང་བ་མཚན་གཞུང་གསལ་བསྒྲགས་ཞུ་རྒྱུ་གཤམ་གསལ།

སྲིད་སྐྱོང་མི།

ཨང། མཚན། སྡོད་གནས། ལས་གནས།
མཁས་དབང་བློ་བཟང་སེང་གེ རྡ་ས། སྲིད་སྐྱོང་ལས་ཐོག
སྤེན་པ་ཚེ་རིང། རྡ་ས། སྤྱི་འཐུས་ཚོགས་གཙོ་ལས་ཐོག

 

མདོ་སྟོད་སྤྱི་འཐུས་འོས་མི།

ཨང། མཚན། སྡོད་གནས། ལས་གནས།
གསེར་རྟ་ཚུལ་ཁྲིམས། རྡ་ས། སྤྱི་འཐུས་ལས་ཐོག
འཇམ་དབྱངས་བཟོད་པ། རྡ་ས། སྤྱི་འཐུས་ལས་ཐོག
གཡུ་སྒྲོན་དབུ་དཀར་ཚང་། ལྡི་ལི། སྤྱི་འཐུས་ལས་ཐོག
ཆོས་སྐྱོང་དབང་ཕྱུག ལྡི་ལི། སྤྱི་འཐུས་ལས་ཐོག
བློ་བཟང་ཡེ་ཤེས། རྡ་ས། སྤྱི་འཐུས་ལས་ཐོག
དཀོན་མཆོག་ཡར་འཕེལ། ལྡི་ལི། གཞོན་ལྷན་དབུ་རྒྱུན་ཟུར་པ།
ངག་དབང་ཐར་པ། ནོར་གླིང། རྡ་ས་ས་གནས་གྲོས་ཚོགས་ཚོགས་གཙོ།
དབྱངས་ཅན་སྒྲོལ་དཀར། ཤི་ལོང། སྤྱི་འཐུས་ལས་ཐོག
དགེ་བཤེས་སེར་སྨད་བློ་དགའ། རྡ་ས། རྡ་སའི་སེར་སྨད་ཕྱག་མཛོད།
༡༠ པདྨ་བདེ་ལེགས། སྦེལ་ཀོབ། ཆུ་སྒང་དབུས་ཚོགས་གཙོ།
༡༡ གངས་ལྷ་མོ། རྡ་ས། སྤྱི་འཐུས་ལས་ཐོག
༡༢ བསོད་ནམས་དཔལ་མོ། ཨོ་དྷི་ཤ། ཨོ་གཞིས་ས་འཐུས་ཚོགས་གཞོན།

 

 

མདོ་སྨད་སྤྱི་འཐུས་འོས་མི།

ཨང། མཚན། སྡོད་གནས། ལས་གནས།
ཚེ་རིང་གཡུ་སྒྲོན། ཧུན་སུར། སྤྱི་འཐུས་ལས་ཐོག
བསོད་ནམས་རྒྱལ་མཚན། རྡ་ས། སྤྱི་འཐུས་ལས་ཐོག
པདྨ་ཆོས་སྒྲོན། རྡ་ས། དབུས་བུད་མེད་རྒྱུན་ལས།
ཚངས་དབྱངས་རྒྱ་མཚོ། རྡ་ས། ཇོ་ནང་འགྲོ་ཕན་ལྷན་ཚོགས་གི་ཚོགས་གཙོ།
རྔ་བ་གངས་རི། རྡ་ས། མདོ་སྨད་དབུས་རྒྱུན་ལས་ཐོག
གཡུ་སྒང་འོད་ཟེར། རྡ་ས། རྩོམ་པ་པོའོ་མཐུན་ཚོགས་ཀྱི་དྲུང་ཆེ།
ཨ་རིག་དགེ་མཐོང་། སྦེལ་ཀོབ། མདོ་སྨད་དབུས་རྒྱུན།

 

དབུས་གཙང་སྤྱི་འཐུས་འོས་མི།

ཨང། མཚན། སྡོད་གནས། ལས་གནས།
ཀརྨ་ཡེ་ཤེས། རྡ་ས། སྤྱི་འཐུས་ལས་ཐོག
ཟླ་བ་ཕུན་སྐྱིད། རྡ་ས། སྤྱི་འཐུས་ལས་ཐོག
ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས། ལྡི་ལི། སྤྱི་འཐུས་ལས་ཐོག
པདྨ་འབྱུང་གནས། རྡ་ས། སྤྱི་འཐུས་ལས་ཐོག
སྒྲོལ་མ་ཚེ་རིང། རྡ་ས། སྤྱི་འཐུས་ལས་ཐོག
ཤར་གླིང་ཟླ་སྒྲོན། རྡ་ས། སྤྱི་འཐུས་ལས་ཐོག
བུ་མོ་ཚེ་རིང། སྦེང་ལོར། སྤྱི་འཐུས་ལས་ཐོག
བྱམས་པ་ཆོས་འཕེལ། ལྡི་མ་པུར། མང་གཙོ་ཚོགས་པའི་དབུས་རྒྱུན་ལས་ཐོག
ལུང་རིག་བསོད་ནམས། ལྡེ་ར་མདུན། སློབ་དགེ
༡༠ འཆི་མེད་གཡུང་དྲུང། རྡ་ས། མང་གཙོ་ཚོགས་པའི་ཚོགས་ཟུར།
༡༡ འཇིགས་མེད་འབྱུང་གནས། སྦེལ་ལྐོབ། སྤྱི་འཐུས་ལས་ཐོག
༡༢ ཚེ་བརྟན་་ནོར་བུ། བལ་ཡུལ། སྤྱི་ཟུར།
༡༣ ཟླ་བ་རིན་ཆེན། རྡ་ས། བོད་ཀྱི་གྲིམ་འགྲུལ་ཁང་གི་འགན་འཛིན།
༡༤ བསོད་ནམས་རྡོ་རྗེ། རྡ་ས། རྡ་ས་ས་གནས་འགོ་འཛིན།
༡༥ བསམ་གཏན་ཆོས་སྒྲོན། རྡ་ས། དབུས་བུད་མེད་ཚོགས་གཞོན་ཟུར་པ།

༢༠༡༡ ལོའི་སྲིད་སྤྱིའི་འོས་བསྡུའི་གཏམ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་བློན་ཁྲི་པའི་འོས་མིའི་གསར་འགོད་ལྷན་ཚོགས། སྤྱི་ལོ་༢༠༡༠ ཟླ་ ༥ཚེས་ ༡༥ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་བཏོན་པའི་སྤྱི་ལོ་༢༠༡༡ ལོའི་བོད་མི་མང་གི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་མི་གསལ་བསྒྲགས་གནང་བ་རེད། ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་མཁས་དབང་བློ་བཟང་སེང་གེ་ལགས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་བློན་ཁྲི་པའི་འོས་མི་ཡིན་པ་དང་། དེ་བཞིན་མདོ་སྟོད་སྤྱི་འཐུས་འོས་མི་༦དང་། མདོ་སྨད་འོས་མི་༥། དབུས་གཙང་འོས་མི་༡༠བཅས་ཁྱོན་བསྡོམས་མི་གྲངས་༢༡ སྤྱི་འཐུས་ཀྱི་འོས་མིར་གསལ་བསྒྲགས་བསྐྱངས་ཡོད། ལོ་དེའི་ཟླ་༣ པའི་ནང་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་སྐབས་རྒྱུན་ལས་རྣམས་དང་རྒྱ་བལ་གཉིས་སུ་ཡོད་པའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་ཚོགས་མི་རྣམས་ལྷན་འཛོམས་ཐོག་བཀའ་བློན་ཁྲི་པའི་འོས་མི་༣ དང་།

སྤྱི་འཐུས་འོས་མི་ ༤༥བཅས་གསལ་བསྒྲགས་གནང་རྒྱུའི་གྲོས་མཐུན་གནང་ཡོད་ཀྱང་། འོས་མི་ཁ་ཤས་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཆ་རྐྱེན་གཉིས་ཡོད་པ་དེ་ཁས་ལེན་ཞུ་མི་ཐུབ་པ་དང་། བཀའ་བློན་འོས་མི་བཀྲ་ཤིས་དབང་འདུས་ལགས་ལུས་ཁམས་བདེ་མིན་གྱི་དཀའ་ངལ་གསུངས་སྟབས་མཐའ་མར་བཀའ་བློན་ཁྲི་པའི་འོས་མི་གཉིས་དང་། སྤྱི་འཐུས་འོས་མི་༢༡ ཡོངས་གྲགས་སུ་གསལ་བསྒྲགས་གནང་བ་རེད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་བཏོན་པའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་མི།

མདོ་སྨད།

ཨང་།        མིང་།                             ལས་གནས།

༡༽          ཚེ་རིང་གཡུ་སྒྲོན།                  སྤྱི་འཐུས་ལས་ཐོག

༢༽          ལུང་རིག་རྒྱལ།                    བོད་ཀྱི་དུས་བབ་རྩོམ་སྒྲིག་པ།

༣༽          བསོད་ནམས་རྒྱལ་མཚན།          ས་རཱ་མཐོ་སློབ་ཀྱི་སློབ་དཔོན།

༤༽         རྨོག་རུ་བསྟན་པ།           གངས་ལྗོངས་ཕོ་ཉའི་དྲྭ་ཚིགས་འགན་འཛིན།

༥༽          ཀིརྟི་སྒྲོལ་དཀར་ལྷ་མོ།             སྤྱི་འཐུས་ལས་ཐོག

མདོ་སྟོད།

ཨང་།        མིང་།                             ལས་གནས།

༡༽          གསེར་རྟ་ཚུལ་ཁྲིམས།              བང་ཆེན་རྩོམ་སྒྲིག་པ།

༢༽          འབའ་བ་སྐལ་བཟང་རྒྱལ་མཚན།    སྤྱི་འཐུས་ལས་ཐོག

༣༽          ཆོས་སྐྱོང་དབང་ཕྱུག               སྤྱི་འཐུས་ལས་ཐོག

༤༽         དབུ་དཀར་ཚང་གཡུ་སྒྲོན།          སྤྱི་འཐུས་ལས་ཐོག

༥༽          ངག་དབང་འོད་འབར།              དགུ་བཅུ་གསུམ་ཚོགས་གཙོ།

༦༽          སེར་སྨད་བློ་དགའ།                རྩོམ་པ་པོ།

དབུས་གཙང་།

ཨང་།        མིང་།                             ལས་གནས།

༡༽          ཀརྨ་ཡེ་ཤེས།                      སྤྱི་འཐུས་ལས་ཐོག

༢༽          འཆི་མེད་གཡུང་དྲུང་།              མང་གཙོ་ཚོགས་པའི་ཚོགས་གཙོ།

༣༽          ཟླ་བ་ཕུན་སྐྱིད།                    སྤྱི་འཐུས་ལས་ཐོག

༤༽         བུ་མོ་ཚེ་རིང་།                     བུད་མེད་ཚོགས་ཟུར།

༥༽          བསོད་ནམས་བཟང་པོ།             བལ་ཡུལ་སྤོག་ར།

༦༽          འཇམ་དབྱངས་རྡོ་རྗེ།               ཆེད་ལས་ཉམས་ཞིབ་པ།

༧༽          ཚེ་བརྟན་ནོར་བུ།                  སྤྱི་འཐུས་ལས་ཐོག

༨༽          ཡེ་ཤེས་ཕུན་ཚོགས།               སྤྱི་འཐུས་ལས་ཐོག

༩༽          པ་སངས་ཚེ་དབང་།                ཁྲིམས་རྩོད་པ།

༡༠༽         ངག་དབང་ལྷ་མོ།                   སྤྱི་འཐུས་ལས་ཐོག

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་གཏོན་པའི་བཀའ་ཁྲིའི་འོས་མི།

ཨང་།        མིང་།                             ལས་གནས།

༡༽          བློ་བཟང་སེང་གེ                   ཁྲིམས་རྩོད་པ།

༢༽          བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།བཀའ་ཁྲི་ཟུར་པ།

Scroll Up