རྒྱབ་སྐྱོར་བ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱབ་སྐྱོར་བ།

སྐུ་ཞབས་ཝིལ་ཕརེཌ།

ཁོང་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གྲོགས་པོ་རྙིང་ཤོས་ཤིག་ཡིན་པ་དང་། མང་གཙོ་ཚོགས་པ་གསར་འཛུགས་བྱེད་པའི་དུས་སྐབས་ནས་ཀྱང་ངོ་ཤེས་ཡིན་ཞིང་། ཁོང་གིས་ཚོགས་པའི་ཁང་གླར་སྦྱིན་བདག་གནང་བ་མ་ཟད། བོད་མིའི་སྤྱི་ཚོགས་ནང་གི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན། སྤྱི་ལོ་༡༩༥༠ལོར་ཇར་མན་དུ་འཁྲུངས། རྫས་འགྱུར་དང་དངོས་ཁམས་རིག་པར་སློབ་གཉེར་གནང་ཞིང་། ༡༩༨༠ ལོར་༧གོང་ས་མཆོག་མཇལ་འཕྲད་གནང་བའི་སྐབས་ནང་ཆོས་ཀྱི་ཐོག་དོ་སྣང་སླེབས་འགོ་ཚུགས། ༡༩༨༨ ལོར་རྡ་རམ་ས་ལར་ཐེངས་དང་པོར་ཕེབས་པ་དང་ཚེ་མཆོག་གླིང་དགོན་པ་དང་འབྲེལ་བ་བྱུང་། ༡༩༩༠ ལོར་ཇར་མན་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་མཛད། དེའི་རིང་བོད་མིའི་ལས་འཆར་མི་འདྲ་བ་ཁག་བཅུ་ཙམ་གྱི་ཐོག་རོགས་རམ་གནང་བ་མ་ཟད་བོད་མི་སུམ་བརྒྱ་ལྔ་བཅུ་ལྷག་ཙམ་ལ་སྦྱིན་བདག་གནང་མུས་རེད། སྤྱི་ལོ་༡༩༩༡ ལོར་བོད་ལུགས་གསོ་རིག་གི་སློབ་སྦྱོང་གནང་ཡུལ་གྱི་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་། སྤྱི་ལོ་༢༠༠༧ ལོའི་ཟླ་༧ ཚེས་༧ ཉིན།   ༧གོང་ས་མཆོག་ཁོང་རྣམས་ཀྱིས་གསར་བཞེངས་མཛད་པའི་འཛམ་གླིང་ཞི་བདེའི་མཆོད་རྟེན་གཟིགས་སྐོར་དུ་དུ་གདན་ཞུས་མཛད་པ་རེད།

ཞལ་འདེབས།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་་ལོ་བསྟར་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པར་ཁྱེད་རྣམ་པས་མཐུན་སྦྱོར་རོགས་རམ་ཅི་ནས་ཀྱང་གནང་སྐྱོང་ཡོང་བ་ཞུ། ཞལ་འདེབས་གནང་ཡུ་ལ་གྱི་དངུལ་ཁང་གི་ཁ་བྱང་། དེ་མིན་དངུལ་གཏོང་སའི་དྲྭ་ལམ་བརྒྱུད་ཚོགས་པའི་ཁ་བྱང་ཐོག ཡང་ན་ཁ་པར་བརྒྱུད་དབུས་ལས་ཁུངས་སུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།

དང་བླངས།

ལས་བྱེད་དང་བླངས་ཀྱིས་ཞབས་ཞུ་གནང་རྒྱུར་འཛིན་རིམ་བཅུ་གཉིས་ནས་མཐོ་སློབ་བར་གྱི་ས་ཡིག་ཡོད། དེ་ཡང་ཉུང་མཐའ་དུས་ཡུན་ཟླ་བ་གཅིག་གི་རིག་ངེས་པར་བཞུགས་ཐུབ་དགོས། གལ་སྲིད་སུ་ཞིག་དེ་ལྟའི་དང་བླངས་གནང་མཁན་ཡོད་ན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབྲེལ་བ་གནང་རོགས་ཞུ།

 

Scroll Up