བགྲོ་གླེང།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་དུས་བབ་གསར་ཁང་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ། ༼སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་སྐོར་ལ་བགྲོ་གླེང་།༽ཞེས་པའི་བགྲོ་གླེང་ཞིག་རྡ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་སྤྱི་ལོ་༢༠༡༦ཟླ་༡༠ཚེས་༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣པའི་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་དབུ་འཛུགས་ཀྱི་གཏམ་བཤད་གནང་བ་དང་སྦྲགས། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་བོད་མི་མང་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་མཆོག་ནས་བགྲོ་གླེང་གི་གཙོ་སྐྱོང་དང་མཇུག་བསྡོམས་ཀྱི་གཏམ་བཤད་བཅས་གནང་།
བགྲོ་གླེང་གནང་མཁན་ནི། སྤྱི་འཐུས་ཚོགས་གཞོན་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་དང་། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་རྒྱ་རིགས་ཐར། བསྟན་འཛིན་ཕུན་ཚོགས། ཚངས་དབྱངས་རྒྱ་མཚོ། ཚེ་རིང་ཐག་གཅོད། སེར་སྨད་བློ་དགའ། བཅས་ལགས་སོ།
སྤྱི་ལོ་༢༠༡༦ཟླ་༡༠ཚེས་༡ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་ཁང་ནས་སྤེལ།

Scroll Up